མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཝུའུ་རོས་མན་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:19

ཟླ4བའི་ཚེས10ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཞོར་དུ་མི་དམངས་གྲོས་ཁང་གི་གྲོས་དཔོན་གྱི་འགན་ཁུར་མཁན་ཝུའུ་རོས་མན་དང་གྲོས་མོལ་མཛད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས10ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཞོར་དུ་མི་དམངས་གྲོས་ཁང་གི་གྲོས་དཔོན་གྱི་འགན་ཁུར་མཁན་ཝུའུ་རོས་མན་དང་གྲོས་མོལ་མཛད།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་བར་མཉམ་ལས་ཀྱི་འབྲེལ་བ་བཟང་བོ་ལྡན། ཕྱོགས་གཉིས་ཀྱིས་ཐེངས་འདིར་མཉམ་ལས་བརྗེད་ཐོ་བཀོད་པ་དང་བསྟུན་ནས། མཐོ་རིམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་དམ་དུ་བཏང་སྟེ། མཉམ་ལས་རྒྱུན་ཆད་མེད་པར་ཁྱབ་ཁོངས་སྔར་ལས་མང་པོ་དང་རིམ་པ་སྔར་ལས་མང་པོའི་ཕྱོགས་སུ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་འབར་མའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཝུའུ་རོས་མན་གྱིས་བཤད་རྒྱུར། འབར་མ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་འབར་མ་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ཟེར།

གྲོས་མོལ་མཛད་རྗེས། ཀྲང་ཏི་ཅང་དང་ཝུའུ་རོས་མན་གཉིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁབ་བར་དུ་མཉམ་ལས་བརྗེད་ཐོ་འགོད་པའི་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག