མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་པའོ་ཨོ་ཨེ་ཡ་ཤའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:19

ཟླ4བའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ནན་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས10ཉིན་ཧེ་ནན་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་བཙུགས་ནས་ལོ་ངོ13འགོར་བའི་རིང་ལ། དེས་ཨེ་ཤ་ཡའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་འཕེལ་རྒྱས་སུ་གཏོང་བར་ཐུན་མོང་མ་ཡིན་པའི་བྱས་རྗེས་བཞག གླེང་སྟེགས་ཀྱིས་ཨེ་ཤ་ཡར་རྐང་བཙུགས་པ་དང་ཨེ་ཤ་ཡར་ཞབས་ཕྱི་བསྒྲུབས་པ་དང་མཉམ་དུ་འཛམ་གླིང་ལ་དམིགས་ཏེ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྐོར་གྱི་སྲིད་ཇུས་དང་བདེ་འཇགས། ཕྱི་འབྲེལ་གྲོས་དོན་བཅས་ཐད་ནས་གྲོས་བསྡུར་ཟབ་མོ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ལ། ཀྲུང་གོ་སྲིད་གཞུང་གིས་གླེང་སྟེགས་འཕེལ་རྒྱས་དང་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ནས། གླེང་སྟེགས་བསྡུས་པ་དང་བསྟུན་ནས་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག