མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཞའོ་ཝན་ཁྲང་འཁོར་དང་བཅས་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:19

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས10ཉིན་གྱི་ཕྱི་དྲོར་ཧེ་ནན་ཞིང་ཆེན་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བཞི་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཐེ་ཝན་མཚོ་འགག་འགྲམ་གཉིས་ཐུན་མོང་ཁྲོམ་ར་ཐེབས་རྩ་ཚོགས་པའི་མཚན་འཛིན་ཏུང་ཧྲི་ཀྲང་ཞའོ་ཝན་ཁྲང་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས10ཉིན་གྱི་ཕྱི་དྲོར་ཧེ་ནན་ཞིང་ཆེན་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཐེ་ཝན་མཚོ་འགག་འགྲམ་གཉིས་ཐུན་མོང་ཁྲོམ་ར་ཐེབས་རྩ་ཚོགས་པའི་མཚན་འཛིན་ཏུང་ཧྲི་ཀྲང་ཞའོ་ཝན་ཁྲང་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་དེང་སྐབས་ཀྱི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་བཟང་བོ་འདི་ནི་ཧ་ཅང་དཀའ་བ་ཞིག་ཡིན་པས། ང་ཚོས་འདི་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས། གལ་ཏེ་ང་ཚོས་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་འབྲེལ་འདྲིས་བཟང་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་འབད་བརྩོན་བྱས་ན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་བགྲོད་ལམ་ཇེ་ཡངས་ནས་ཇེ་ཡངས་ཡིན་ལ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་འབྲེལ་བ་ཇེ་དམ་ནས་ཇེ་དམ་ཡིན་ངེས་ཞེས་གསུངས།

ཞའོ་ཝན་ཁྲང་གིས་མཚོ་འགག་འགྲམ་གཉིས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར། ཡིད་ཆེས་བཅས་བྱེད་པའི་མི་རིགས་ཀྱི་བརྩེ་སེམས་ཡིད་ལ་བཅངས་ཏེ། ལག་རྡང་མཉམ་སྦྲེལ་དང་དཀའ་ངལ་ཁྱད་བསལ་གྱིས་མ་འོངས་པའི་མདུན་ལྗོངས་བཟང་བོ་བསྐྲུན་དགོས་ཞེས་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག