མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་ཞིང་ལྗོངས་དང་གྲོང་ཁྱེར་ཁ་ཤས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུར་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:42

ཟླ4བའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་པེ་ཅིན་ནས་ཞིང་ལྗོངས་དང་གྲོང་ཁྱེར་ཁ་ཤས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།
ཟླ4བའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་པེ་ཅིན་ནས་ཞིང་ལྗོངས་དང་གྲོང་ཁྱེར་ཁ་ཤས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཟླ4བའི་ཚེས8ཉིན་པེ་ཅིན་ནས་ཞིང་ལྗོངས་དང་གྲོང་ཁྱེར་ཁ་ཤས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོས་གིས་གསར་དུ་བཟོ་བཅོས་བྱས་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གདམ་གསེས་དང་བསྐོ་འཇོག་བྱ་བའི་སྲོལ་ཡིག་ནན་ཏན་སྒོས་ལག་བསྟར་བྱས་ནས། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲི་ཇེ་དྲག་ཏུ་གཏོང་བ། མི་གདམ་གསེས་དང་བསྐོ་འཇོག་བྱ་བ་བཟང་བོར་བསྒྲུབ་སྟེ། ལས་བྱེད་པའི་བྱ་བ་སྤྱོད་གཙང་སྲོལ་བཟང་དུ་བསྒྱུར་བར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། མི་གདམ་གསེས་དང་བསྐོ་འཇོག་བྱེད་པ་དེ་དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་གནས་བབ་འཕེལ་རྒྱས་ཀྱི་རེ་བ་གསར་བར་ངོས་འཛིན་གསལ་བོ་བྱེད་པ་དང་། ལས་བྱེད་པའི་བྱ་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། རླབས་ཆེན་ལས་དོན་དང་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག