མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་དམིགས་བསལ་ཉེན་རྟོག་སློབ་གླིང་ལ་གཟིགས་ཞིབ་མཛད་པར་མ་ཟད“གླག་རྒོད”འཕྲལ་རྒོལ་རུ་ཁག་ལ་དར་ཆ་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:39

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས9ཉིན་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་དམིགས་བསལ་ཉེན་རྟོག་སློབ་གླིང་ལ་གཟིགས་ཞིབ་མཛད་པར་མ་ཟད“གླག་རྒོད”འཕྲལ་རྒོལ་རུ་ཁག་ལ་དར་ཆ་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས9ཉིན་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་དམིགས་བསལ་ཉེན་རྟོག་སློབ་གླིང་ལ་གཟིགས་ཞིབ་མཛད་པར་མ་ཟད“གླག་རྒོད”འཕྲལ་རྒོལ་རུ་ཁག་ལ་དར་ཆ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས9ཉིན་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་དམིགས་བསལ་ཉེན་རྟོག་སློབ་གླིང་ལ་གཟིགས་ཞིབ་མཛད་པར་མ་ཟད“གླག་རྒོད”འཕྲལ་རྒོལ་རུ་ཁག་ལ་དར་ཆ་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་ཚང་མ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས་ལ་བརྩེ་བའི་འཚམས་འདྲི་མཛད་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་ནི་རྒྱལ་ཁབ་ཀྱི་འཇིགས་སྐུལ་པར་ངོ་རྒོལ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་པའི་ཆ་ནས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པ་དང་། དྲག་ཤུགས་འཇིགས་སྐུལ་པའི་ནག་ཉེས་སྣ་ཚོགས་ལ་རྦད་ཆོད་སྒོས་རྡུང་རྡེག་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མི་དམངས་བདེ་སྡོད་ལས་བརྩོན་བྱེད་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕེན་པེ་ཅིན་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པའི་དྲག་ཆས་ཉེན་རྟོག་དམག་དཔུང་དམིགས་བསལ་ཉེན་རྟོག་སློབ་གླིང་དུ་ཕེབས་ཏེ་སློབ་གླིང་གི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་མཛད་རྗེས། སློབ་གླིང་གི་སྦྱོང་བརྡར་ལྟེ་གནས་ཐོག་ཁང་ཆེན་མོའི་ཉིས་ཐོག་ཏུ་ཕེབས་ནས་འཇིགས་སྐུལ་པར་ངོ་རྒོལ་བྱེད་པའི་སྦྱོང་བརྡར་འཁྲབ་སྟོན་ལ་གཟིགས། དུས་ཚོད་བཅུ་གཅིག་གི་སྟེང་ཞི་ཅིན་ཕེན་གྱིས་སྦྱོང་བརྡར་ལྟེ་གནས་ནས“གླག་རྒོད”འཕྲལ་རྒོལ་རུ་ཁག་ལ་དར་ཆ་གནང་། དེར་མཐུད་ནས་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། སློབ་གླིང་བཙུགས་རྗེས་སྔ་གཞུག་ཏུ་རྒྱལ་ཁབ་དང་དམག་དཔུང་ལ་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱས་པ་དང་། བདེ་འཇགས་སྲུང་སྐྱོབ་དང་དམིགས་བསལ་ལས་འགན་རབ་དང་རིམ་པ་ཡོངས་འགྲུབ་བྱས་པར་མ་ཟད་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར། ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་ཞི་ཅིན་ཕེན་གྱིས་སློབ་གླིང་གི་དམིགས་བསལ་འཐབ་འཛིང་རུ་ཆེན་ལ་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་གི“གླག་རྒོད”འཕྲལ་རྒོལ་རུ་ཁག་ཅེས་པའི་མཚན་སྙན་གནང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག