མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ན་སྨི་པི་ཡའི་ཙུང་ལི་ཀིན་ཀི་པུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:30

ཟླ4བའི་ཚེས8ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡའི་ཙུང་ལི་ཀིན་ཀི་པུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས8ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡའི་ཙུང་ལི་ཀིན་ཀི་པུའུ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་དང་ན་སྨི་པི་ཡའི་སྲོལ་རྒྱུན་མཛའ་བཤེས་དང་མཛའ་མཐུན་མཉམ་ལས་འབྲེལ་བར་གདེང་འཇོག་ཆེན་པོ་གནང་། ཁོང་གིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ན་སྨི་པི་ཡ་དང་མཉམ་དུ་མི་སྣའི་འགྲོ་འོང་སྔར་ལས་ཇེ་མང་དུ་གཏོང་བ་དང་། དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས་སོགས་ཕྱོགས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་རང་རང་གི་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ན་སྨི་པི་ཡའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཀིན་ཀི་པུའུ་ཡིས་བཤད་རྒྱུར། ཀྲུང་གོ་ནི་ན་སྨི་པི་ཡས་བློ་གཏད་ཆོག་པའི་གྲོགས་པོ་ཡིན། ཀྲུང་གོས་ན་སྨི་པི་ཡའི་ཆབ་སྲིད་རང་བཙན་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ནམ་ཡང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ། ན་སྨི་པི་ཡ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་དང་མཉམ་དུ་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྒྱ་བསྐྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག