མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཏིས་ཝུན་ཤར་མའི་ཙུང་ལི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:30

ཚེས8ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏིས་ཝུན་ཤར་མའི་ཙུང་ལི་ཧྲ་ན་ན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས8ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏིས་ཝུན་ཤར་མའི་ཙུང་ལི་ཧྲ་ན་ན་ལ་མཇལ་འཕྲད་གནང་། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཏིས་ཝུན་ཤར་མའི་བར་འབྲེལ་བ་བཙུགས་པའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕེན་དང་སྐུ་ཞབས་ཙུང་ལི་ལགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་དང་གཉིས་ཕན་མཉམ་ལས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་གཏོང་རྒྱུ་གཏན་འཁེལ་བྱས་པ་དེས། མ་འོངས་པ་ན་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་ཐུབ། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཏིས་ཝུན་ཤར་མའི་རྒྱལ་དམངས་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་གཅིག་མཐུན་གྱི་ལྟ་ཚུལ་གལ་ཆེན་ལག་བསྟར་དངོས་འབེབ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་བ་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་དང་ཕྱོགས་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཧྲ་ན་ན་ཡིས་བཤད་རྒྱུར། ཏིས་ཝུན་ཤར་མས་ཀྲུང་གོ་རྒྱལ་ཁབ་གྱིས་རྒྱལ་སྤྱི་དང་ས་གནས་ཀྱི་ཞི་བདེ་དང་བདེ་འཇགས། འཕེལ་རྒྱས་ལས་དོན་བཅས་ཀྱི་ཐད་ལ་བཏོན་པའི་ཧུར་བརྩོན་རང་བཞིན་གྱི་ནུས་པར་བསྟོད་བསྔགས་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོས་ཏིས་ཝུན་ཤར་མ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག