མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡན་ཏུང་གིས་འབར་མའི་ཙུང་ཐུང་གཞོན་པ་ཉན་ཐུན་ལ་ཐུག་འཕྲད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:18

    ཟླ4བའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་པེ་ཅིན་ནས་ཀྲུང་གོར་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རིག་གནས་བརྗེ་རེས་ལོའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་འབར་མའི་ཙུང་ཐུང་གཞོན་པ་ཉན་ཐུན་ལ་ཐུག་འཕྲད་བྱས་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚེས7ཉིན་པེ་ཅིན་ནས་ཀྲུང་གོར་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རིག་གནས་བརྗེ་རེས་ལོའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་འབར་མའི་ཙུང་ཐུང་གཞོན་པ་ཉན་ཐུན་ལ་ཐུག་འཕྲད་བྱས།

    ལིག་ཡན་ཏུང་གིས་ཉན་ཐུན་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཚུལ་དུ་ཀྲུང་གོར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། མི་གཞུང་བརྗེ་རེས་བྱེད་པ་ནི་ཀྲུང་གོ་དང་འབར་མའི་བར་གྱི་འབྲེལ་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་མཉམ་ལས་བྱེད་པའི་ནང་དོན་གཙོ་བོ་ཞིག་ཡིན་ཟེར། ཁོ་མོས་ང་ཚོས་རིག་གནས་བརྗེ་རེས་ལོའི་བྱ་འགུལ་སྤེལ་བ་དང་བསྟུན་ནས། མཉམ་དུ་ལོ་ཧྲིལ་བོའི་བརྗེ་རེས་བྱ་འགུལ་རབ་དང་རིམ་པ་བཟང་བོར་སྤེལ་བ་དང་། ཀྲུང་གོ་དང་འབར་མ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་མཛའ་མཐུན་འབྲེལ་བའི་མང་ཚོགས་ཀྱི་ཕུགས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུའི་ཚུལ་བསྟན།

    ཉན་ཐུན་གྱིས་བཤད་རྒྱུར། འབར་མ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་བཟང་བོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག