མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རིག་གནས་བརྗེ་རེས་ལོའི་བྱ་འགུལ་པེ་ཅིན་ནས་སྤེལ་མགོ་བརྩམས་པ་དང་ལིག་ཡན་ཏུང་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:18

     ཟླ4བའི་ཚེས7ཉིན། 2014ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རིག་གནས་བརྗེ་རེས་ལོའི་བྱ་འགུལ་པེ་ཅིན་ནས་སྤེལ་མགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་འབར་མའི་ཙུང་ཐུང་གཞོན་པ་ཉན་ཐུན་གཉིས་མཉམ་དུ་བྱ་འགུལ་མགོ་རྩོམ་པའི་མཛད་སྒོར་ཞུགས། པར་འདི་ནི་ལིག་ཡན་ཏུང་གིས་མཛད་སྒོའི་སྟེང་ཞུ་ཚིག་འབུལ་བཞིན་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།2014ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རིག་གནས་བརྗེ་རེས་ལོའི་བྱ་འགུལ་ཚེས7ཉིན་པེ་ཅིན་ནས་སྤེལ་མགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་འབར་མའི་ཙུང་ཐུང་གཞོན་པ་ཉན་ཐུན་གཉིས་མཉམ་དུ་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོར་ཞུགས།

    ལིག་ཡན་ཏུང་གིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་ལོན་པའི་སྐབས་སུ། ང་ཚོས་རིག་གནས་བརྗེ་རེས་བྱེད་པར་བརྟེན་ནས་ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་གསར་བ་གསར་གཏོད་བྱས་པར་དོན་སྙིང་ཟབ་མོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་རིག་གནས་བརྗེ་རེས་བྱེད་པར་བརྟེན་ནས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། མཛའ་མཐུན་མཉམ་ལས་ཀྱི་མང་ཚོགས་ཀྱི་ཕུགས་འདུན་དང་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་བརྟན་ཏུ་བཏང་སྟེ། མཉམ་དུ་མཉམ་ལས་གཉིས་རྒྱལ་གྱི་འཆར་གཞི་གསར་བ་འགོད་རྒྱུ་ཡིན་ཟེར།

    བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོའི་སྔོན་ལ། ལིན་ཡན་ཏུང་གིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ལིས་ལིང་མེན་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོར་མཇལ་འཕྲད་གནང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག