མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རིག་གནས་བརྗེ་རེས་ལོའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་པེ་ཅིན་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:18

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།2014ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རིག་གནས་བརྗེ་རེས་ལོའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་ཚེས7ཉིན་པེ་ཅིན་ནས་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་ཡི་གེ་བསྐུར།

    ལིས་ཁི་ཆང་གིས་བརྗེ་རེས་བྱ་འགུལ་མགོ་བརྩམས་པར་རྟེན་འབྲེལ་ཞུས་པར་མ་ཟད་བརྗེ་རེས་ལོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་སྨོན་འདུན་ཞུས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གཉིས་ཀྱིས་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་མི་དམངས་ལ་ཕུན་སུམ་ཚོགས་ཤིང་མཚན་སྙན་འཛམ་གླིང་ལ་ཁྱབ་པའི་འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱས་ཤིང་མངའ་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྣ་མང་རིག་གནས་ཆགས་པར་བྱས་པ་དང་དེ་རྒྱལ་ཁབ་སོ་སོ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་འདེགས་ཤུགས་དང་ཕུན་སུམ་ཚོགས་པའི་ཉིང་བཅུད་དུ་གྱུར། རིག་གནས་ཀྱིས་ཕྱོགས་སོ་སོའི་བར་ལ་འབྲེལ་འདྲིས་ཀྱི་ཟམ་པ་འཕངས་བ་དང་མི་དམངས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱེད་ཚད་ཇེ་ཆེར་བཏང་བར་མ་ཟད། ཀྲུང་གོ་དང་ཨེ་ཤ་ཡའི་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཐུན་མོང་མ་ཡིན་པའི་ནུས་པ་བཏོན་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་ལ་ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཕན་མཉམ་ལས་བྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཐེངས་འདིའི་རིག་གནས་བརྗེ་རེས་བྱ་འགུལ་སྤེལ་བ་བརྒྱུད་ནས་འཛམ་གླིང་ཡོངས་ལ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་དུ་མི་གཞུང་བརྗེ་རེས་ཐད་ནས་བླངས་པའི་གྲུབ་འབྲས་དང་ཕྱོགས་གཉིས་ཀྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོམས་པར་མ་ཟད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་སྒྱུ་རྩལ་པ་དང་མི་དམངས་བར་ལ་མཛའ་མཐུན་མཉམ་ལས་ཀྱི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་ངེས་ཡིན་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འགྱུར་མེད་མཛའ་བཤེས་སྲུང་འཛིན་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་མ་ཟད་སྔར་ལས་དམ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ནས། ཨེ་ཤ་ཡ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

    ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་སྟེ་འབར་མའི་ཙུང་ཐུང་བུའུ་ཏིན་ཧྲིན་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་སྟེ་ཐེ་གོའི་ཙུང་ལི་དབྱིན་ལཱ་གཉིས་ཀྱིས་ཀྱང་བྱ་འགུལ་སྤེལ་མགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་ཡི་གེ་བསྐུར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག