མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བཅིངས་འགྲོལ་དམག་གིས་དམག་དཔུང་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཞི་ཅིན་ཕེན་གྱི་རྣམ་བཤད་ཕྱོགས་བསྒྲིགས་ལ་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-07 11:44

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། དམག་དཔུང་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་བརྡ་ཐོ་བཏང་སྟེ། དམག་དཔུང་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་སྐབས་ཀྲུང་དབྱང་ཚད་ལྡན་ཡིག་རིགས་ཞིབ་འཇུག་ཁང་དང་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གཉིས་ཀྱིས་རྩོམ་བསྒྲིགས་བྱས་པའི་ཞི་ཅིན་ཕེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྐོར་གྱི་རྣམ་བཤད་ཕྱོགས་བསྒྲིགས་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་དུ་རིམ་པ་སོ་སོའི་ཏང་ཨུ་ཡིས་ཞི་ཅིན་ཕེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྐོར་གྱི་རྣམ་བཤད་ཕྱོགས་བསྒྲིགས་ལ་སློབ་སྦྱོང་བྱེད་རྒྱུ་དེ་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཏུ་བཞག་ནས་རྩ་འཛུགས་ཞིབ་མོ་བྱེད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས་དངོས་གཉེར་ཕན་འབྲས་བཟང་བོ་ཐོབ་ཏུ་འཇུག་དགོས། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་དང་ལག་ལེན་ཁྲོད་དུ་དཔེ་སྟོན་གྱི་ནུས་པ་འདོན་དགོས་པར་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་ནས་སློབ་སྦྱོང་དང་སློབ་གསོ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་མུ་མཐུད་དུ་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ་ཞུགས་པའི་སྒུལ་ཤུགས་བསྐྱེད་དགོས། སློབ་སྦྱོང་དང་སློབ་གསོ་བརྒྱུད་ནས་ཏང་གི་བཀོད་འདོམས་ལ་ཉན་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ལས་བྱེད་པའི་སྤྱོད་ཚུལ་སྔར་ལས་ལེགས་སྒྱུར་བྱེད་པ། ནང་ཁུལ་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་འགྲོ་བ། དམངས་ལ་སྤྱོད་གཙང་གི་སྣང་བརྙན་སྔར་ལས་སྐྲུན་པ། གཞི་རིམ་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། དམག་དཔུང་སྟོབས་ལྡན་གྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ལ་སྟོབས་དང་ལྡན་པའི་སྤྱོད་ཚུལ་གྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག