མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁོར་ཡུག་སྲུང་སྐྱོབ་པུས་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་གཙོ་གནད་ས་ཁོངས་ནང་ཁོར་ཡུག་གདེང་འཇོག་གྲོས་མོལ་སྒྲིག་གཞི་འཛུགས་དགོས་ཞེས་གསུངས་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-06 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁོར་ཡུག་གི་སྦགས་བཙོག་འབྱུང་རྩ་ནས་སྔོན་འགོག་བྱེད་པ་དང་། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་བཅོས་ལ་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་ཁོར་ཡུག་སྲུང་སྐྱོབ་པུས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱས་ཏེ་ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་ཆོག་འཐུས་དོ་ནན་བཟོ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་འགྲེམ་སྤེལ་བྱས་པ་དང་། འཆར་འགོད་རྣམ་གྲངས་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་གི་མཉམ་སྒུལ་སྒྲིག་གཞི་དོན་འཁྱོལ་ནན་པོ་བྱེད་རྒྱུ་དང་། གཙོ་གནད་ས་ཁོངས་ཁག་ཅིག་ནང་ངེས་པར་དུ་ཁོར་ཡུག་གདེང་འཇོག་གྲོས་མོལ་སྒྲིག་གཞི་ལག་བསྟར་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

དེ་ཡང་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་གྲོས་མོལ་སྒྲིག་གཞི་ནི་ས་ཁོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་མཉམ་དུ་འགོག་བཅོས་ཚོད་འཛིན་བྱེད་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག