མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ན་ནིང་རྒྱལ་ཡོངས་སུ་འོས་འགན་ཤིང་འཛུགས་ནང་ཞུགས་མཁན་མིའི་ཐེངས་གྲངས་དུང་ཕྱུར་5.3ཟིན་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-06 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྤྱི་ལོ་2013ལོར་རྒྱལ་ཡོངས་སུ་ཁྱོན་མི་ཐེངས་དུང་ཕྱུར་5.3རྣམ་པ་མི་འདྲ་བའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་དང་། ཤིང་རྐང་དུང་ཕྱུར་25.2བཙུགས་པ་དང་། ལོ་ཧྲིལ་པོར་ཀྲུང་དབྱང་གིས་ནགས་ལས་ཐད་སྒོར་དུང་ཕྱུར་1450བཏང་བས། དེ་སྤྱི་ལོ་2012ལོ་ལས་སྒོར་དུང་ཕྱུར་99འཕར་སྣོན་བྱུང་བ། རྒྱལ་ཡོངས་ཀྱིས་ནགས་འཛུགས་རྒྱ་ཁྱོན་ཀུང་ཆིང་ཁྲི609.2ལེགས་གྲུབ་ཟིན་པ་རེད།

ཉེ་ལམ་ལོ་ཤས་རིང་། གྲོང་ཁུལ་ཉེ་འགྲམ་གྱི་ཤིང་འཛུགས་ས་རྒོད་ཇེ་ཉུང་དུ་ཕྱིན་པ་དང་བསྟུན། པེ་ཅིང་དང་། ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་འབྲིང་གི་འོས་འགན་ཤིང་འཛུགས་ཀྱང་ཤིང་འཛུགས་ནས་ནགས་གསོའི་བར་འགྱུར་ལྡོག་ཕྱིན་པ་དང་། ཉེ་དུས་ལྕང་མ་བདག་སྐྱོང་བྱ་རྒྱུ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་བ་མ་ཟད། དུས་བབ་གསར་པའི་འོག་མི་རྣམས་ཀྱིས་འོས་འགན་ཤིང་འཛུགས་དང་། ཁོར་ཡུག་ལེགས་བཅོས་བྱེད་པའི་བྱ་ཐབས་གསར་པ་ཞིག་ཏུ་གྱུར་ཡོད། པེ་ཅིང་གྲོང་ཁྱེར་ལྡུམ་ར་ལྗང་སྒྱུར་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་པེ་ཅིང་གྲོང་ཁྱེར་གྱིས་ཁྱོན་ལྕང་མ་བདག་སྐྱོང་ས་ཚིགས་130བཙུགས་ཏེ།བདག་སྐྱོང་བྱེད་ཆོག་པའི་ཤིང་རྐང་ཁྲི56མཁོ་འདོན་བྱས་ནས། གྲོང་མི་རྣམས་བདག་སྐྱོང་བྱེད་སྒོའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། ཉེ་བའི་ལོ་ལྔའི་རིང་། པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཚོགས་ཚན་པ་དང་མི་སྒེར་ལྕང་མ་བདག་སྐྱོང་འདེབས་འཛུགས་བྱེད་སྒོ་ནང་ཞུགས་པ་དང་རིམ་རྩིས་བྱ་ན་མ་དངུལ་སྒོར་དུང་ཕྱུར་5.87བཏང་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག