མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་རྒྱལ་སའི་སྡོང་འཛུགས་བྱ་འགུལ་ལ་ཞུགས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-05 11:07

党和国家领导人参加首都义务植树活动.jpg

ཟླ་བཞི་བའི་ཚེས་བཞི་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་རྒྱལ་སའི་སྡོང་འཛུགས་བྱ་འགུལ་ལ་ཞུགས། པར་འདི་ནི་ཞི་ཅིན་ཕེན་གྱིས་སྡོང་བོ་འཛུགས་པའི་ཚུལ་རེད།

党和国家领导人参加首都义务植树活动2.jpg

ཟླ་བཞི་བའི་ཚེས་བཞི་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་རྒྱལ་སའི་སྡོང་འཛུགས་བྱ་འགུལ་ལ་ཞུགས། པར་འདི་ནི་ལིས་ཁི་ཆང་གིས་སྡོང་བོ་འཛུགས་པའི་ཚུལ་རེད།

党和国家领导人参加首都义务植树活动3.jpg

ཟླ་བཞི་བའི་ཚེས་བཞི་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་རྒྱལ་སའི་སྡོང་འཛུགས་བྱ་འགུལ་ལ་ཞུགས། པར་འདི་ནི་ཀྲང་ཏི་ཅང་གིས་སྡོང་བོ་འཛུགས་པའི་ཚུལ་རེད།

党和国家领导人参加首都义务植树活动4.jpg

ཟླ་བཞི་བའི་ཚེས་བཞི་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་རྒྱལ་སའི་སྡོང་འཛུགས་བྱ་འགུལ་ལ་ཞུགས། པར་འདི་ནི་ཡུས་ཀྲིན་ཧྲིན་གྱིས་སྡོང་བོ་འཛུགས་པའི་ཚུལ་རེད།

党和国家领导人参加首都义务植树活动5.jpg

ཟླ་བཞི་བའི་ཚེས་བཞི་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་རྒྱལ་སའི་སྡོང་འཛུགས་བྱ་འགུལ་ལ་ཞུགས། པར་འདི་ནི་ལིག་ཡུན་ཧྲན་གྱིས་སྡོང་བོ་འཛུགས་པའི་ཚུལ་རེད།

党和国家领导人参加首都义务植树活动6.jpg

ཟླ་བཞི་བའི་ཚེས་བཞི་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་རྒྱལ་སའི་སྡོང་འཛུགས་བྱ་འགུལ་ལ་ཞུགས། པར་འདི་ནི་ཝང་ཆི་ཧྲན་གྱིས་སྡོང་བོ་འཛུགས་པའི་ཚུལ་རེད།

党和国家领导人参加首都义务植树活动7.jpg

ཟླ་བཞི་བའི་ཚེས་བཞི་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་རྒྱལ་སའི་སྡོང་འཛུགས་བྱ་འགུལ་ལ་ཞུགས། པར་འདི་ནི་ཀྲང་ཀའོ་ལིས་ཀྱིས་སྡོང་བོ་འཛུགས་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཞི་ཉིན་གྱི་སྔ་དྲོར་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་སྒྲུབ་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་ལྗང་སྒྱུར་ལ་དགའ་ཞིང་ལྗང་སྒྱུར་བྱེད་པ་དང་ནགས་ཚལ་ལ་སྲུང་སྐྱོབ་བྱས་ནས། རང་རྒྱལ་གྱི་ནགས་ཚལ་ཐོན་ཁུངས་གསོ་སྐྱོང་དང་སྲུང་སྐྱོབ་བཟང་བོ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་མཉམ་དུ་རླངས་འཁོར་ལ་བཞུགས་ནས་པེ་ཅིན་གྲོང་ཁྱེར་ཧེ་ཏེན་ས་ཁུལ་གྱི་ལྷོ་ཆུ་བྱང་འདྲེན་ཐོན་ཁྲིན་མཚེའུ་སྡོང་འཛུགས་བྱེད་སར་ཕེབས། ཞི་ཅིན་ཕེན་རླངས་འཁོར་ལས་བབས་མ་ཐག་ཏུ་ལྕགས་ཁེམ་བཟུང་སྟེ་སྡོང་འཛུགས་བྱེད་སར་ཕེབས་ནས་པེ་ཅིན་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་ཅུའུ་ཡི་འགན་ཁུར་པ་དང་ན་ཆུང་རུ་མི་ཚོ་དང་ལྷན་དུ་སྡོང་བོ་བཙུགས། ཁོང་གིས་ན་ཆུང་རུ་མི་ཚོ་དང་ལྷན་དུ་སྡོང་བོ་བཙུགས་པ་དང་སྡོང་རྩར་ཆུ་བླུགས་པར་མ་ཟད། ཁོ་ཚོར་ཧུར་ཐག་སྒོས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་ཧུར་ཐག་སྒོས་སློབ་སྦྱོང་བྱེད་པ་དང་མཉམ་དུ་ངལ་རྩོལ་གྱི་འདུ་ཤེས་དང་ངལ་རྩོལ་གྱི་གོམས་སྲོལ་ཆགས་པར་བྱེད་དགོས་ལ། ངལ་རྩོལ་ལ་དགའ་ཞིང་ལུས་ཕུང་སྦྱོང་བརྡར་བཟང་བོ་བྱེད་པ་དང་། འཚར་ལོངས་བྱུང་རྗེས་དཀད་སྤྱད་སྒོས་ངལ་རྩོལ་བྱས་པ་བརྒྱུད་ནས་མེས་རྒྱལ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་འདོན་དགོས་པའི་སྐུལ་མ་བཏང་།

    སྡོང་བོ་འཛུགས་པའི་བར་གསེང་དུ་ཞི་ཅིན་ཕེན་གྱིས་པེ་ཅིན་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་ཅུའུ་ཡི་འགན་ཁུར་པ་དང་མཉམ་དུ་ནགས་སྐྲུན་ལྗང་སྒྱུར་བྱ་བའི་སྐོར་གླེང་བ་དང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དྲུག་ཅུ་ལྷག་འགོར་བའི་རིང་ལ་རང་རྒྱལ་གྱིས་སྡོང་འཛུགས་ནགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་མཛད། ཁོང་གིས་གསུངས་རྒྱུར། དུས་ཡུན་རིང་བོར་རང་རྒྱལ་གྱི་མིས་བཟོས་ནགས་སྐྲུན་བྱ་བ་སྒྲུབ་པ་ཧ་ཅང་བཟང་། ད་ལྟ་སྡོང་བོ་སྔར་ལས་མང་ཞིང་རི་ཀླུང་ཐམས་ཅད་སྔར་ལས་ལྗང་སྒྱུར་བྱས་པ་དང་དམངས་ཡོངས་ཀྱི་ལྗང་སྒྱུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་སོང་ཡོད། ཡིན་ནའང་དེང་སྐབས་རང་རྒྱལ་གྱི་རང་བྱུང་ཐོན་ཁུངས་དེ་འདྲ་དོ་མཉམ་མིན་པ་དང་། རང་རྒྱལ་ནགས་ཚལ་གྱི་གྲངས་ཀ་དང་སྤུས་ཚད་གང་ཡིན་རུང་མི་དམངས་མང་ཚོགས་ཀྱིས་མཛེས་པའི་ཁོར་ཡུག་ལ་བཅངས་པའི་རེ་བ་བསྐོང་ཐུབ་མེད། དེ་བས་རིགས་སོ་སོའི་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྡོང་འཛུགས་ནགས་སྐྲུན་བྱ་བ་རྒྱུན་འཁྱོངས་བྱེད་དགོས་ཟེར།

    སྡོང་འཛུགས་ནགས་སྐྲུན་མཇུག་རྫོགས་སྐབས། ཞི་ཅིན་ཕེན་གྱིས་བཟོ་སྐྲུན་འགན་ཁུར་པ་བརྒྱུད་ནས་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག