མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འདས་པའི་ལོ་གཅིག་ནང་རང་རྒྱལ་གྱི་ནར་མ་སོན་པའི་མིས་ཉེས་པ་གསོག་ཚད་ཇེ་ཉུང་དུ་ཕྱིན་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-05 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ཆེད་དོན་ཚོགས་ཆུང་གི་ཚོགས་གཙོ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཇིན་དབྱིས་ཀྲེས་སྤྱི་ཚེས་གསུམ་ཉིན། འདས་པའི་ལོ་གཅིག་ནང་རང་རྒྱལ་གྱི་གཞོན་ནུ་ལོ་ཆུང་ཁྲོད་ཀྱི་ཉེས་པ་གསོག་མཁན་མི་གྲངས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་ཅེས་གསུངས་འདུག

ཆིན་ཡིས་ཀྲེས་སྤྱི་ལོ2014ལོར་ཆེད་དོན་ཚོགས་ཆུང་གིས་གཙོ་གནད་ལས་དོན་གསུམ་གྱི་ཐད་མཐུན་སྦྱོར་དང་སྐུལ་འདེད་གཏོང་དགོས་པ། དེ་ཡང་གཞོན་ནུ་ལོ་ཆུང་ལས་དོན་་ཁྲོད་ཐུག་པའི་རྨང་གཞིའི་རང་བཞིན་གྱི་དཀའ་གནད་དང་གཏིང་ཟབ་པའི་གནད་དོན་ལ་དམིགས་ནས། དམིགས་ས་ཡོད་པའི་སྲིད་ཇུས་ཡིག་ཆ་འདོན་དགོས་པ་དང་། ཁྲིམས་སྐྱོང་གི་བསམ་ཇུས་ཡག་པོ་སྤྱད་ནས་ཇུས་འགོད་བྱེད་པ་དང་། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ཐད་ཀྱི་ལས་དོན་ཁག་ལ་སྐུལ་གཏོང་བ་དང་། གཞོན་ནུ་ལོ་ཆུང་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་ཉུང་དུ་གཏོང་རྒྱུར་གཞིགས་ནས། འབྲེལ་ཡོད་སྡེ་ཁག་ནས་ཆ་སྦྱོར་སྲིད་ཇུས་གཏན་འབེབ་དང་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཆེད་དོན་སློབ་གསོའི་རྣམ་པ་ཁག་ཕྱོགས་བསྡོམས་དང་ཁྱབ་གདལ་གྱིས། ས་གནས་ཁག་དང་སྡེ་ཚན་ཁག་གི་སློབ་གསོ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག