མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ད་ལོ་གྲོས་འགོ་དང་གྲོས་གཞི་ཁག100ལྷག་ཐག་གཅོད་བྱ་རྒྱུ་རེད།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-05 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། ད་ལོ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གྲོས་གཞི་དང་གྲོས་འགོ་ཁག་བརྒྱ་ལྷག་ཙམ་ཐག་གཅོད་བྱ་རྒྱུ་དང་། དེ་དག་གི་ནང་དོན་ཁྲིམས་འཛུགས་དང་ཁྲིམས་འཛིན་ཞིབ་བཤེར་གཏན་ལ་འབེབ་རྒྱུ་དང་འཐུས་སྒོ་ཚང་དུ་བཏང་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་འགན་ནུས་ཐད་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་དང་། ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། ཞིབ་དཔྱོད་དཔུང་ཁག་དང་གཞི་རིམ་གྱི་རྨང་གཞིའི་འཛུགས་བསྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཚུད་ཡོད་པ་རེད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཚེས་གསུམ་ཉིན་ཚོགས་པའི་སྤྱི་ལོ2014ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་གྲོས་འགོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་འགོ་ཐག་གཅོད་ཚོགས་འདུའི་ཐོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་རྒྱུན་ལས་ཞིབ་དཔྱོད་དཔོན་གཞོན་པ་ཧུའུ་ཙེ་ཅུན་གྱིས་ད་ལོ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་འཁུར་བའི་གྲོས་གཞི་དང་གྲོས་འགོའི་གྲངས་འབོར་ན་ནིང་ལས་ཅུང་མང་དུ་ཕྱིན་པས་ལས་དོན་སྒྲུབ་པའི་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་པོ་ཡོད། ཁོང་ནས་ལས་འགན་སྒྲུབ་མཁན་སྡེ་ཁག་གིས་ལས་ཀའི་ཤུགས་ཚད་ཆེ་རུ་བཏང་ཐོག ལས་གཉེར་གྱི་སྤུས་ཚད་འགན་སྲུང་དང་། འཐུས་མི་དང་ཨུ་ཡོན་གྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་དང་། ལས་ཀའི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཟིན་ཞེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག