མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-05 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རྒྱུ་སྤུས་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝུའུ་ཧེ་ཆིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཅུ་གཅིག་པ་ཁྲིད་དེ་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་དུས་ཡུན་ཉིན་བདུན་རིང་ལ་ཆེད་དོན་ཞིབ་བཤེར་བྱས། ཟླ་བཞི་བའི་ཚེས་གཉིས་ཉིན། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཞིང་ཆེན་སྲིད་གཞུང་དང་བསམ་འཆར་བརྗེ་རེས་བྱེད་པའི་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

བསམ་འཆར་བརྗེ་རེས་བྱེད་པའི་ཚོགས་འདུའི་སྟེང་། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་འཐབ་ཇུས་དང་བཀོད་སྒྲིག མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། བདེ་འཇགས་འགན་ཁུར་ལམ་ལུགས་དངོས་འབེབ་བྱས་པ་དང་། བདེ་འཇགས་བྱ་བར་ལྟ་སྐུལ་དོ་དམ་ནན་མོ་བྱས་ནས། བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་བབ་བརྟན་འཇགས་སྒོས་ཇེ་བཟང་དུ་སོང་ཡོད། ཡིན་ན་ཡང་མཚོ་སྔོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་ཧ་ཅང་ལྗིད་ལ། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་ཛ་དྲག་ཆེ་བས། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བའི་སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་ལམ་ལུགས་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རིམ་གྱི་རྨང་གཞི་དང་ཡུན་རིང་གི་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན།

ཝང་ཞའོ་ཡིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བདེ་འཇགས་ཐོན་སྐྱེད་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་བཏོན་པའི་གནད་དོན་རེ་རེར་དམིགས་ནས་དག་ཐེར་ཡོ་བསྲང་བྱེད་པའི་ཇུས་གཞི་བཀོད་ནས། དུས་ཐོག་ཏུ་དག་ཐེར་དང་ཡོ་བསྲང་བྱེད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག