མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-05 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བཅོས་བསྒྱུར་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཞི་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ནི་རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གཙོ་བོ་ཡིན་པར་མ་ཟད། དེས་ཞིང་སྡེའི་སྡོད་དམངས་དུང་ཕྱུར་དགུ་ལྷག་ལ་ཞབས་ཕྱི་སྒྲུབ་བཞིན་ཡོད་པས། མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱེད་པའི་གནད་འགག་གི་དུས་རིམ་ཞིག་ཡིན། དེང་སྐབས་སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དེ་གནད་འགག་གི་དུས་རིམ་དུ་སླེབ་ཡོད་པས་ཐེངས་འདིའི་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པར་ནུས་ཤུགས་གང་ཡོད་འདོན་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མུ་མཐུད་དུ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་བྱེད་པ་དེ་འགག་སྒོ་གལ་ཆེན་ཞིག་ཏུ་བརྩི་བ་དང་གོང་འོག་མཉམ་འབྲེལ་དང་ནང་ཁུལ་གྱི་གསོན་ཤུགས་ཇེ་ཆེར་གཏོང་བ། ཕྱི་རྐྱེན་གྱིས་སྐུལ་འདེད་གཏོང་བའི་རྩ་དོན་གཞིར་བཟུང་སྟེ། སྨན་བཅོས་ཁ་གསབ་དང་ནང་རྐྱེན་གསར་སྐྲུན་བྱེད་པ། སྨན་བཅོས་མི་སྣ་སྙོམ་སྒྲིག་བྱེད་པ་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་། ཀྲུང་གོའི་རྣམ་པ་ཅན་གྱི་བྱེད་ཐབས་སྤྱད་ནས་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་བྱེད་པའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཐག་གཅོད་གང་ལེགས་བྱས་ཏེ། མི་རེ་རེར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག