མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆེས་མཐོའི་ཁྲིམས་ཁང་གིས་ད་ལོ་གྲོས་གཞི་ཁག་205ཐག་གཅོད་བྱ་རྒྱུ་རེད།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-05 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། ད་ལོ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཏོན་པའི་གྲོས་གཞི་ཁག205དང་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་འགོ་ཁག84ཐག་གཅོད་བྱ་རྒྱུ་རེད། ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཆེད། གྲོས་གཞི་དང་གྲོས་འགོ་དེ་དག་ཐག་གཅོད་བྱས་ཚུལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དྲ་བ་དང་། ཀྲུང་གོའི་ཁྲིམས་ཁང་དྲ་བ་སོགས་འབྲེལ་ཡོད་དྲ་བའི་ཐོག་བཀྲམ་ནས། འཐུས་མི་དང་། ཨུ་ཡོན། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་གནས་ཚུལ་ཤེས་རྟོགས་དབང་ཆའི་རེ་བ་སྐོང་རྒྱུ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲའུ་ཆང་གིས་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གྲོས་འགོ་དང་གྲོས་གཞི་ཁག་ཁྲིམས་ལྟར་ཐག་གཅོད་ཡག་པོ་བྱ་དགོས་པ་དང་། གཉེར་བའི་གོ་རིམ་སྔར་བས་ཚད་ལྡན་བཟོ་བ། རིམ་པ་དབྱེ་ནས་འགན་འཁུར་བ་དང་། རྒྱུན་གཏན་གྱི་ལྟ་སྐུལ། དཔྱད་དཔོག་དཔྱད་ཞིབ་སོགས་བྱེད་པའི་ལས་ཀའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས། གནད་དོན་ཐག་གཅོད་ཀྱི་གནད་འཁེལ་རང་བཞིན་དང་། ལུགས་མཐུན་རང་བཞིན། དམིགས་སའི་རང་བཞིན་བཅས་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་ཁས་ལེན་བྱས་པ་དག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་དང་། དུས་ཐོག་ཏུ་ལན་སྤྲོད་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག