མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སུའུ་ཏན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 16:23

4月3日,国家主席习近平在北京人民大会堂会见苏丹国民议会议长法提赫·伊扎丁。.jpg

ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའུ་ཏན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧྥ་ཐིས་ཧི་ཡུས་ཀྲ་ཏེན་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའུ་ཏན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧྥ་ཐིས་ཧི་ཡུས་ཀྲ་ཏེན་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་སུའུ་ཏན་གཉིས་ཀྱི་མཛའ་མཐུན་ལོ་རྒྱུས་རྒྱུན་རིང་བ་དང་ད་ལྟ་རྒྱལ་ཁབ་གཉི་ཀ་གཞི་ནས་འདྲ་མཉམ་གཉིས་ཕན་དང་ཕན་ཚུན་རྒྱབ་སྐྱོར། མཉམ་ལས་མཉམ་རྒྱལ་བཅས་ཀྱི་གྲོགས་པོ་བཟང་བོ་དང་བློས་ཐུབ་སྤུན་ཟླ་ཡིན། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་འགྲོ་འོང་ཇེ་དམ་དུ་སོང་བ་དང་ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་ཇེ་བརྟན་ལ་སོང་བར་མ་ཟད། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ནས། ནུས་ཁུངས་དང་དཔལ་འབྱོར་ཉོ་ཚོང་། རིག་གནས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཕྱོགས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱིས་ཁེ་ཕན་ངོ་མ་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་བའི་ངོས་ཐད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ང་ལྔ་འཁོར་བ་མགོ་རྩོམ་སར་བརྩིས་ནས་སུའུ་ཏན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་རྣམ་པ་གསར་བ་ཞིག་བསྐྲུན་འདོད་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་མཐུན་འགྲོ་འོང་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ལ་སྐུལ་འདེད་གཏོང་བ་དང་ཕན་ཚུན་ལ་བརྗེ་རེས་དཔེ་ལྟ་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན། བདག་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་སུའུ་ཏན་རྒྱལ་དམངས་གྲོས་ཁང་གི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།

    ཧྥ་ཐིས་ཧི་ཡིས་བཤད་རྒྱུར། ང་རང་རང་ཉིད་ཀྱི་སྤུན་མཆེད་ལྟ་བུའི་ཀྲུང་གོར་ཡོང་དོན་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གནས་པའི་མཛའ་མཐུན་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ཆེད་དུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་རྒྱབ་སྐྱོར་ལ་ནམ་ཡང་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ། མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་གཏེར་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནས་ཕན་ཚུན་ལ་མཐུན་སྦྱོར་དང་གཞོག་འདེགས་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག