མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་སུའུ་ཏན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧྥ་ཐིས་ཧི་ཡེ་ཀྲ་ཏེན་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 16:22

张德江与苏丹国民议会议长法提赫举行会谈.jpg

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའུ་ཏན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧྥ་ཐིས་ཧི་ཡེ་ཀྲ་ཏེན་དང་གྲོས་མོལ་མཛད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའུ་ཏན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧྥ་ཐིས་ཧི་ཡེ་ཀྲ་ཏེན་དང་གྲོས་མོལ་མཛད།

    གྲོས་མོལ་མཛད་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་དང་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་འབྲེལ་འདྲིས་བྱེད་པའི་སྒྲོག་ཐག་ལྟ་བུ་ཡིན་པ་དང་། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་པ་ཡིན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་སུའུ་ཏན་རྒྱལ་དམངས་གྲོས་ཁང་གཉིས་ཀྱིས་ནམ་ཡང་མཛའ་མཐུན་འགྲོ་འོང་སྲུང་འཛིན་བྱས། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་དང་རྒྱལ་སྐྱོང་སྲིད་འཛིན་སོགས་ཕྱོགས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་ལས་ནང་རྐྱེན་བཙུགས་ནས་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་དང་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་སྟོབས་ཤུགས་གཙོ་བོར་འགྱུར་བར་བྱེད་དགོས་ཟེར།

    ཧྥ་ཐིས་ཧི་ཡིས་བཤད་རྒྱུར། ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པས། སུའུ་ཏན་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ལ་ནུས་ཤུགས་གང་ཡོད་འདོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག