མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་ཁེའི་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱ་བ་སྒྲུབ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-03 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཆེད་ཁེའི་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚེས2ཉིན་པེ་ཅིན་ནས་བསྡུས་ཏེ། ཆེད་ཁེའི་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱ་བ་དངོས་སུ་སྒྲུབ་མགོ་བརྩམས། ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཚན་ཆུང་ལྔར་བགོས་ཏེ་སོ་སོར་ལེའོ་ཉིན་དང་ཨན་ཧོས། ཀྲེ་ཅང་། ཀོང་ཏུང་། ཧྲན་ཞི་བཅས་ཞིང་ཆེན་ལྔར་ཞིབ་བཤེར་བྱེད་རྒྱུ་རེད། དེ་དང་མཉམ་དུ་ཐེན་ཅིན་དང་ཧྲང་ཧེ། ཧྥུའུ་ཅན་བཅས་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངག་བཅོལ་བྱས་ཏེ་སྲིེད་འཛིན་ས་ཁོངས་རང་ནས་ཆེད་ཁེའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད།  །

ཐེངས་འདིའི་ཆེད་ཁེའི་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱ་བ་སྒྲུབ་པའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་གི་ཁྲིམས་ལུགས་འདུ་ཤེས་ཇེ་ཆེར་གཏོང་བ་དང་། རིམ་པ་སོ་སོའི་སྲིད་གཞུང་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆེད་ཁེར་སྲུང་སྐྱོབ་དང་དོ་དམ་བྱེད་པར་ཤུགས་བསྣན་ཏེ། གསར་སྐྲུན་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཆེད་ཁེ་གསར་སྐྲུན་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག