མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་པུའུ་བཞི་ཡིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་མེས་རྒྱལ་ལ་དྲིན་ལན་འཇལ་བ། ཀྲུང་ཧྭའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-03 11:09

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། དམངས་སྲིད་པུའུ། སློབ་གསོ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། 2014ལོའི་དུར་མཆོད་དུས་ཚིགས་ཀྱི་སྐབས་སུ་སྤྱི་ཚོགས་ཡོངས་སུ་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་མེས་རྒྱལ་ལ་དྲིན་ལན་འཇལ་བ། ཀྲུང་ཧྭའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་དགོས་པའི་རེ་བ་བཏོན། བརྡ་ཐོ་ལས་སྟབས་བདེ་བའི་བྱེད་ཐབས་སྣ་མང་སྤྱད་དེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག་གི་ལས་བྱེད་པ་དང་མང་ཚོགས། ན་གཞོན་ལོ་ཆུང་། སློབ་མ་བཅས་རྩ་འཛུགས་བྱས་ནས། ས་གནས་རང་གི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོར་སོང་སྟེ་མེ་ཏོག་འབུལ་བ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ་དགོས། ས་གནས་སོ་སོའི་སློབ་གསོ་གཙོ་གཉེར་ལས་ཁུངས་ཀྱིས་དགེ་སློབ་རྣམས་རྩ་འཛུགས་བྱས་ནས་ས་གནས་རང་གི་སྔོན་གཤེགས་དཔའ་བོའི་བང་སོ་དང་རྒྱལ་གཅེས་སློབ་གསོ་རྟེན་གཞི་གཞན་པར་ལྟ་སྐོར་བྱེད་པའི་བྱ་འགུལ་སྤེལ་དགོས་པར་མ་ཟད། ཏང་གི་ཉིན་མོ་དང་གུང་གཞོན་ཚོགས་པའི་ཉིན་མོ་སོགས་ཀྱི་བྱ་འགུལ་སྤེལ་དགོས། དེ་མིན་ད་རུང་དྲ་རྒྱའི་སྟེང་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ་དགོས་ལ། དྲ་ཚིགས་གཙོ་བོ་སོ་སོས་དྲ་ངོས་དང་པོར་དྲ་རྒྱའི་སྟེང་གི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་ལེ་ཚན་བཙུགས་ཏེ། སྤྱི་ཚོགས་ཡོངས་ཀྱི་ལས་རིགས་སོ་སོས་དྲ་རྒྱའི་སྟེང་ནས་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ་བར་སྐུལ་སློང་བྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག