མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཏང་གི་བྱ་བའི་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:57

ཟླ4བའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཏང་གི་བྱ་བའི་གྲོས་ཚོགས་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཏང་གི་བྱ་བའི་གྲོས་ཚོགས་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གསུངས་བཤད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱིས་ལས་འགན་གལ་ཆེན་འཁུར་ཡོད་ལ། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ཐད་ནས་རྒྱབ་རྟེན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། འདས་པའི་ལོ་གཅིག་གི་རིང་ལ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་བྱ་བས་རྣམ་པ་གསར་བ་གསར་གཏོད་དང་དར་སྲོལ་གསར་བ་ཆགས་པར་བྱེད་པ། མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ། ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པ། རུལ་སུངས་སྔོན་འགོག་དང་ཁྲིམས་ཆད་གཅོད་པ་བཅས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག བྱ་བ་བཟང་བོར་བསྒྲུབ་པ་དང་། གསར་གཏོད་བརྩོན་ལེན་བྱས་ནས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་སྣ་ཚོགས་ཧུར་ཐག་སྒོས་ཡོངས་འགྲུབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ཐད་ལ་རེ་བ་འདི་ལྟར་བཏོན་པ་སྟེ། གཅིག་ནི་བཅོས་བསྒྱུར་དང་ཁྲིམས་སྐྱོང་གི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནི་དངོས་སྒྲུབ་དང་སྤྱོད་གཙང་གི་སྤྱོད་ཚུལ་དར་སྤེལ་བྱེད་དགོས། གསུམ་ནི་དཀའ་ཁག་ལ་མི་འཛེམས་པ་དང་དཀའ་ཁག་ཁྱད་སེལ་གྱི་ནུས་པ་ཇེ་ཆེར་གཏོང་དགོས་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག