མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་བཞི་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་ནས་ཕྱིར་རང་རྒྱལ་དུ་ལོག་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ4བའི་ཚེས1ཉིན་པི་ལི་ཧྲི་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་ནས་ཕྱིར་རང་རྒྱལ་དུ་ལོག

ཟླ3པའི་ཚེས22ཉིན་ནས་ཟླ4བའི་ཚེས1ཉིན་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧི་ལན་དང་ཧྥ་རན་སི། འཇར་མན། པི་ལི་ཧྲི་བཅས་རྒྱལ་ཁབ་བཞི་ལ་རྒྱལ་དོན་འཚམས་འདྲི་མཛད་པ་དང་། ཧི་ལན་རྒྱལ་ཁབ་ཀྱི་ཧེ་ཡ་ནས་བསྡུས་པའི་ཉིང་རྡུལ་བདེ་འཇགས་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་དང་ཡོ་རོབ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་གཉིས་ལ་འཚམས་འདྲི་མཛད། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འགན་བཞེས་རྗེས་ཐོག་དང་པོར་ཡོ་རོབ་གླིང་ལ་འཚམས་འདྲི་མཛད་པ་དང་། དེས་ཀྲུང་གོ་དང་རྒྱལ་ཁབ་བཞིའི་བར་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་གོ་སྐབས་གསར་བ་བསྐྲུན།

ཞི་ཅིན་ཕེན་གྱིས་ཡོ་རོབ་གླིང་ལ་རྒྱལ་དོན་འཚམས་འདྲི་མཛད་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་འཇོག་ཆེན་པོ་ཐོབ། འཚམས་འདྲིའི་སྐབས་སུ་ཀྲུང་གོ་དང་གོང་གི་རྒྱལ་ཁབ་བཞི་ཡིས་ཁྱབ་ཁོངས་མང་པོ་ནས་མཉམ་ལས་ཀྱི་གྲོས་མཐུན་བཀོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག