མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-01 11:42

ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལུའུ་སེ་ཨར་ནས་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ཧྲུའུ་ཨར་ཚི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས31ཉིན་པུའུ་ལུའུ་སེ་ཨར་ནས་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ཧྲུའུ་ཨར་ཚི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་བསྟན་དོན། ཕན་ཚུན་ལ་ཡིད་ཆེས་བྱེད་པ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བའི་གཞི་རྩའི་སྔོན་འགྲོ་ཡིན། ཀྲུང་གོ་དང་ཡོ་རོབ་གླིང་གིས་བདམས་པའི་བགྲོད་ལམ་མི་གཅིག་ནའང་ཕན་ཚུན་གྱིས་རྒྱུན་འཁྱོངས་བྱེད་པའི་ཡུན་རིང་ཞི་བདེ་དང་དར་རྒྱས་གོང་འཕེལ་ནི་ང་ཚོ་ཐུན་མོང་གི་རེ་སྙེག་ཡིན། ཀྲུང་ཧྭ་མི་རིགས་ཀྱིས་ཉེ་རབས་ཀྱི་ལོ་ངོ་བརྒྱ་ཕྲག་ལྷག་ལ་འབད་བརྩོན་དང་འཚོལ་ཞིབ་བྱས་པ་བརྒྱུད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བདམས་པ་ཡིན་ལ། ཀྲུང་གོའི་མགྱོགས་མྱུར་འཕེལ་རྒྱས་ཀྱི་དོན་དངོས་ལག་ལེན་ལས་ང་ཚོའི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་གཞུང་ལུགས་མ་ལག ལམ་ལུགས་ཀྱི་རྣམ་པ་བཅས་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་བདེན་དཔང་བྱས་ཡོད། ང་ཚོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་དུ་བློ་བརྟན་འགྱུར་མེད་ཀྱིས་འཚོལ་ཞིབ་བྱས་ཏེ་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པ་དང་། ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་དུ་ཡོ་རོབ་གླིང་དང་གྲོས་མོལ་བརྗེ་རེས་བྱས་ནས། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་མཉམ་ལས་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་གྲོས་ཁང་གི་གོ་གནས་དང་ནུས་པར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་ཡོ་རོབ་གླིང་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་དང་ཏང་བར་གྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཧྲུའུ་ཨར་ཚི་ཡིས་ཡོ་རོབ་གླིང་གྲོས་ཁང་གིས་ཀྲུང་གོའི་བཅོས་བསྒྱུར་གྱི་ཆོད་སེམས་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་གོ་སྐབས་ཆེན་པོ་ཞིག་ལ་འཕྲད་ཐུབ་པར་ཡིད་ཆེས་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་དེ་ཕྱོགས་གཉིས་ཀར་ཕན་པར་མ་ཟད། ཡོ་རོབ་གླིང་དང་ཨེ་ཤ་ཡའི་མཉམ་ལས་དང་འཛམ་གླིང་ཡོངས་ལ་མཚོན་ནའང་གལ་འགངས་ཤིན་ཏུ་ཆེ་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག