མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 11:04

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ3པའི་ཚེས30ཉིན་པུའུ་ལུའུ་སེ་ཨར་ནས་པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ3པའི་ཚེས30ཉིན་པུའུ་ལུའུ་སེ་ཨར་ནས་པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ3པའི་ཚེས30ཉིན་པུའུ་ལུའུ་སེ་ཨར་ནས་པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་པི་ལི་ཧྲིའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་བཟང་ལ། པི་ལི་ཧྲིའི་རྒྱལ་བོའི་ཕོ་བྲང་ནི་ལག་བསྟར་མཁན་དང་རྨང་འདིང་མཁན། སྐུལ་འདེད་གཏོང་མཁན་བཅས་ཡིན་པས་ང་ཚོས་དེ་ལ་གཟེངས་བསྟོད་བྱེད་པ་ཡིན། པི་ལི་ཧྲི་ནི་ཡོ་རོབ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་སྡོད་ས་ཡིན་པ་དང་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན། དེ་ནི་བདག་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་རྗེས་ཐོག་དང་པོར་པི་ལི་ཧྲི་དང་ཡོ་རོབ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་པ་ཡིན་པས་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་ཀྲུང་གོ་དང་པི་ལི་ཧྲིའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

ཧྥེ་ལིས་ཕུའུ་ཡིས་བཤད་རྒྱུར། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས29ཉིན་པི་ལི་ཧྲིའི་དགོང་མོའི་ཚགས་པར་སྟེང་སྤེལ་བའི་རྩོམ་ཡིག་བཀླགས་རྗེས་ཞི་ཅིན་ཕེན་གྱིས་པི་ལི་ཧྲི་དང་ཡོ་རོབ་གླིང་མནའ་འབྲེལ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པའི་ཚོར་སྣང་སྐྱེས། པི་ལི་ཧྲིའི་རྒྱལ་བོའི་ཕོ་བྲང་དང་སྲིད་གཞུང་གིས་སྔོན་ཆད་དང་འདྲ་བར་ཀྲུང་གོ་བར་གྱི་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱས་ནས། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་དམིགས་བསལ་གྱི་ནུས་པ་འདོན་ངེས་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག