མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམས་སྐོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་འབྲེལ་འདྲིས་བྱེད་སར་ཕེབས་ཏེ་བྱ་བར་གཟིགས་ཞིབ་དང་མཛུབ་སྟོན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་བཀོད་སྒྲིག་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམས་ཉེ་ལམ་སོ་སོར་རང་ཉིད་ཀྱི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་འབྲེལ་འདྲིས་བྱེད་སར་ཕེབས་ཏེ་བརྟག་དཔྱད་ཞིབ་འཇུག་དང་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བར་མཛུབ་སྟོན་གནང་།

ཀྲུང་དབྱང་གིས་གཅིག་གྱུར་སྒོས་བཀོད་སྒྲིག་བྱས་པ་ལྟར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་སོ་སོར་རྫོང་གཅིག་ལ་འབྲེལ་འདྲིས་བྱས། ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་དང་ཚེས་བཅོ་བརྒྱད་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཧི་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་ཕེབས་ཏེ་སློབ་གསོ་ལག་ལེན་བྱ་འགུལ་ལ་གཟིགས་ཞིབ་དང་མཛུབ་སྟོན་གནང་། དེའི་རྗེས་སུ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་གཞན་པ་རྣམས་སོ་སོར་རང་ཉིད་ཀྱི་འབྲེལ་འདྲིས་བྱེད་སར་ཕེབས། ལིས་ཁི་ཆང་ནང་སོག་རང་སྐྱོང་ལྗོངས་བུན་ཉིག་ཐི་ཆི་ལ་ཕེབས་པ་དང་། ཀྲང་ཏི་ཅང་ཧྥུའུ་ཅན་ཞིང་ཆེན་ཧྲང་ཧང་རྫོང་དུ་ཕེབས། ཡུས་ཀྲིན་ཧྲིན་ཡུན་ནན་ཞིང་ཆེན་ཝུའུ་ཏིན་རྫོང་དུ་ཕེབས། ལིག་ཡུན་ཧྲན་ཧྲན་ཞི་ཞིང་ཆེན་ལིས་ཆོན་རྫོང་དུ་ཕེབས། ཝང་ཆི་ཧྲན་ཧྲན་ཏུང་ཞིང་ཆེན་མིན་དབྱིན་རྫོང་དུ་ཕེབས། ཀྲང་ཀའོ་ལིས་ཅི་ལིན་ཞིང་ཆེན་ལོང་ཨན་རྫོང་དུ་ཕེབས། རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སྲིད་འཛིན་ལས་ཁུངས་དང་ཞབས་ཕྱིའི་ལས་ཁུངས་ལ་ཡུལ་དངོས་སུ་གཟིགས་ཞིབ་མཛད་པར་མ་ཟད། སྡེ་བ་དང་གཞིས་ཁུལ། ཁེ་ལས་བཅས་ལ་ཕེབས་པ་དང་། ཞིང་བའི་ཁྱིམ་ཚང་དང་སློབ་གྲྭ སྨན་ཁང་བཅས་ལ་ཕེབས་ཏེ། ཐད་ཀར་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན། རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ད་རུང་སོ་སོར་འབྲེལ་འདྲིས་བྱེད་སའི་ཞིང་ལྗོངས་དང་གྲོང་ཁྱེར་གྱི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གནས་ཚུལ་དང་གོ་རིམ་རྗེས་མའི་བཀོད་སྒྲིག་གི་ཡར་ཞུར་ཉན་པར་མ་ཟད། འབྲེལ་འདྲིས་བྱེད་སའི་རྫོང་དང་ཆི་ཏང་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་སུ་ཞུགས་ཏེ། སློབ་གསོ་ལག་ལེན་བྱ་འགུལ་སྔར་ལས་བཟང་བོར་སྤེལ་བའི་ཐད་ལ་རེ་བ་བཏོན།

རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ནན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་དང་ཁྱད་པར་དུ་ལན་ཁའོ་རྫོང་དུ་གཟིགས་ཞིབ་མཛད་སྐབས་སྤེལ་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། དམངས་དོན་འཛིན་པ་དང་དོན་དངོས་སྒྲུབ་པ། སྤྱོད་པ་གཙང་བ་བཅས་ཀྱི་ནང་དོན་གཙོ་བོ་རྒྱན་འཁྱོངས་བྱེད་པ་དང་། རང་སྐྱོན་སེལ་བ་དང་བྱ་སྤྱོད་དྲང་མོ། རང་སྐྱོན་རང་སེལ། རང་སྐྱོན་ཡོ་བསྲང་བཅས་ཀྱི་སྤྱིའི་རེ་བ་ལག་ལེན་མཐར་ཕྱིན་བྱས་ནས། སྤྱོད་ངན་བཞིའི་གནད་དོན་ཐག་གཅོད་བྱེད་པ་དང་། གཟན་ནན་གསུམ་དང་དངོས་གཉེར་གསུམ་ལ་དམིགས་ཏེ། ནན་ཏན་གྱི་སྙིང་སྟོབས་འདོན་སྤེལ་བྱས་ནས། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་མགོ་བཟང་བོ་ཞིག་འཛུགས་པ་དང་། སྤུས་ཚད་མཐོ་ཞིང་ཚད་གཞི་མཐོན་པོའི་སྒོ་ནས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ཏེ། ཏང་ཡོན་ལས་བྱེད་པའི་བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་། བྱ་བའི་ཀུན་སྤྱོད་མངོན་གསལ་སྒོས་ཇེ་ལེགས་སུ་འགྱུར་བར་བྱེད་དགོས་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག