མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་རྣམ་གཉིས་པི་ལི་ཧྲིའི་དོམ་ཁྲ་གསོ་སྤེལ་གླིང་ཀའི་སྒོ་འབྱེད་མཛད་སྒོར་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 11:04

ཟླ3པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་རྣམ་གཉིས་པི་ལི་ཧྲིའི་དོམ་ཁྲ་གསོ་སྤེལ་གླིང་ཀའི་སྒོ་འབྱེད་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་རྣམ་གཉིས་པི་ལི་ཧྲིའི་དོམ་ཁྲ་གསོ་སྤེལ་གླིང་ཀའི་སྒོ་འབྱེད་མཛད་སྒོར་ཞུགས། ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་གླིང་ཀར་ཕེབས་རྗེས་རྒྱལ་བོ་ཧྥེ་ལིས་ཕུའུ་དང་བཙུན་མོ་པ་ཏེ་ཨར་ཏི། པི་ལི་ཧྲིའི་དབུ་བཞུགས་བློན་ཆེན་ཏེ་ལོས་པོ་བཅས་ཀྱིས་བརྩེ་བའི་སྣེ་ལེན་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བཟའ་ཟླས་དོམ་ཁྲ་གསོ་སྤེལ་གླིང་ཀའི་སྒོ་འབྱེད་ཡོལ་རས་བླངས་པ་དང་། ཞི་ཅིན་ཕེན་དང་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ས་གནས་མང་ཚོགས་དང་ལྷག་པར་དུ་ན་ཆུང་བྱིས་པ་རྣམས་ལ་དོམ་ཁྲའི་འདྲ་གཟུགས་རྩེད་ཆས་བྱིན། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དོམ་ཁྲ་ནི་མཛའ་བཤེས་ཀྱི་ཕོ་ཉ་ཡིན་པ་དང་པི་ལི་ཧྲི་ལ་དོམ་ཁྲ་བྱིན་པ་དེ་ལས་ཀྲུང་གོ་མི་དམངས་ཀྱིས་པི་ལི་ཧྲིའི་མི་དམངས་ལ་མཛའ་བརྩེ་ཟབ་མོ་བཅངས་ཡོད་པ་མཚོན་ཡོད་ལ། པི་ལི་ཧྲིའི་ན་ཆུང་བྱིས་པ་རྣམས་དོམ་ཁྲ་ལ་དགའ་བའི་ཞོར་དུ་ཀྲུང་གོ་དང་ཀྲུང་གོའི་རིག་གནས་ལ་སྤྲོ་བ་བསྐྱེད་ཐུབ་པར་རེ་བས་ཁེངས་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག