ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་འབྲུ་རིགས་ཐོན་སྐྱེད་བྱེད་མཁན་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས། ཅི་ལིན་ཞིང་ཆེན་གྱི་སྤྱི་ལོ2013ལོའི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར700ལས་བརྒལ་ཏེ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད། ཀྲུང་གོའི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་དང་བསྟུན་ནས་ཞིང་པ་ཚོས་ཞིང་སྤྱོད་འཕྲུལ་ཆས་ཀྱི་གོང་འཕེལ་འཕེལ་ཕྱོགས་ལ་ཡང་སྤྲོ་སེམས་ཆེན་པོ་ཡོད་པ་མངོན་ཡོད། རྒྱལ་ཁབ་ནས་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྤྲོད་ཤུགས་ཟམ་མི་ཆད་པར་མང་དུ་བཏང་བ་དེས་ཞིང་པས་འཕྲུལ་ཆས་ཉོ་སྒྲུབ་བྱེད་པའི་སེམས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། །