མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་བཅད་ཁ་ཆེ་ཤོས་ཀྱི་ས་སེར་ཕུག་ལམ་ཤར་གཏོང་བདེ་བླག་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-31 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར་རང་རྒྱལ་གྱི་བཅད་ཁ་ཆེ་ཤོས་ཀྱི་ས་སེར་ཕུག་ལམ་ཧྲའན་ཤིའི་ཤི་ཨན་ནས་པོ་ཅེའི་བར་གྱི་ཤི་པོ་མྱུར་བགྲོད་ལྕགས་ལམ་གྱི་བསྒྱུར་བཀོད་དང་རྒྱ་སྐྱེད་ལས་གཞིའི་ཐང་ཅ་ཡོན་ཕུག་ལམ་སྤྱི་ཚེས30ཉིན་ཤར་གཏོང་བདེ་བླག་བྱུང་བ་དང་། དེས་རང་རྒྱལ་གྱི་བཅད་ཁའི་ས་སེར་ཕུག་ལམ་སྔོག་འདོན་ལག་རྩལ་ཐད་ཀྱི་སྟོང་ཆ་གསབ་ཡོད་པ་རེད།

ཐང་ཅ་ཡོན་ཕུག་ལམ་དེ་པོ་ཅེ་གྲོང་ཁྱེར་གྱི་ཁྲེན་ཚང་ཁུལ་དུ་གནས་པ་དང་། དེའི་བཅད་ཁ་ཆེ་ཤོས་ལ་རྨི་ངོས་སྙོམས་གྲུ་བཞི་མ172དང་གྲངས་ཆུང4ཟིན་གྱི་ཡོད་པ་དང་། མིག་སྔར་རང་རྒྱལ་གྱི་བཅད་ཁ་ཆེ་ཤོས་ཀྱི་ས་སེར་ཕུག་ལམ་ཡིན། ལས་གཞི་འགོ་ཚུགས་པ་ནས་བཟུང་། ཨར་བསྐྲུན་ཚན་པ་ཡིན་པའི་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ཅུས20ཚོགས་པའི་ཀུང་སེ་དང་པོས་ཚན་རྩལ་འགག་གཏོར་ཚོགས་ཆུང་བཙུགས་ཡོད་པ་དང་། ཆུ་ཚོད24ཡི་རྗེས་འདེད་ལས་དོན་སྤེལ་བ་དང་། སྔོག་འདོན་བྱས་པའི་བཅད་ཁ་རྡིབ་ཚད་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། བཅད་ཁ་ཆེས་ཆེ་བའི་ས་སེར་ཕུག་ལམ་གྱི་ས་སོབ་ཁ་སྦས་ས་རིམ་ཕུག་ཐབས་ཕྱོགས་བསྡོམས་བྱས་ཡོད། བདེ་འཇགས་འགན་ལེན་བྱེད་ཆེད། ཨར་བསྐྲུན་ཚན་པས་ཨར་བསྐྲུན་མི་སྣ་གནས་གཏན་འཁེལ་དང་། བརྙན་མཐོང་ལྟ་སྐུལ་ཚོད་འཛིན། ཕུག་ལམ་ཉེན་གཡོལ་སྒྲ་འོད་ཉེན་གཏོང་སོགས་ནུས་མང་ཕུག་ལམ་བདེ་འཇགས་ལྟ་སྐུལ་ཚོད་འཛིན་དོ་དམ་མ་ལག་ནང་འདྲེན་བྱས་ཏེ། ཕུག་ལམ་ཨར་བསྐྲུན་གྱི་བདེ་འཇགས་དོ་དམ་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།

ཤི་ཨན་ནས་པོ་ཅེ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་བསྒྱུར་བཀོད་རྒྱ་སྐྱེད་ལས་གཞི་ནི་ཧྲའན་ཤི་ཡི་མིག་སྔའི་འཛུགས་སྐྲུན་གྱི་གཞི་ཁྱོན་ཆེ་ཤོས་དང་། འཛུགས་སྐྲུན་དཀའ་ཚད་ཆེ་ཤོས་ཀྱི་བསྒྱུར་བཀོད་རྒྱ་སྐྱེད་རྣམ་གྲངས་ཞིག་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ157ལྷག་ཙམ་ཡོད་པ་དང་། སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར135དང་བྱེ་བ4དང་ས་ཡ5ཟིན་གྱི་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག