མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་པེ་ཅིན་དང་ཐན་ཅིན། ཧོ་པེ་བཅས་གཞི་གཅིག་ཅན་ལ་འགྱུར་རྒྱུར་ཞིབ་འཇུག་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-31 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧོ་པེ་ཞིང་ཆེན་གྱིས་ཉེ་དུས་ཞིང་ཆེན་དེས་པེ་ཅིན་དང་ཐན་ཅིང་། ཧོ་པེ་བཅས་མཉམ་དུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ་དང་། པའོ་ཏིང་དང་ལང་ཧྥང་སོགས་ཀྱིས་པེ་ཅིན་དང་ཐན་ཅིན་གྱི་ནུས་པ་ཁ་འགྲེམས་དང་ཐོན་ལས་བརྗེ་སྒྱུར་བྱེད་པའི་གྲོང་ཁྱེར་གྱི་བཀོད་སྒྲིག་དང་གནས་བབ་ཀྱི་འགན་ཁུར་རྒྱུ་གཏན་འཁེལ་བྱས་ཡོད། བྱ་ཐབས་དེར་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་བ་གཉིས་པར་ཆེད་མངག་པེ་ཅིན་དང་ཐན་ཅིན། ཧོ་པེ་བཅས་མཉམ་དུ་གོང་འཕེལ་འགྲོ་བ་བྱེད་པའི་ལས་དོན་སྙན་ཞུ་གསན་སྐབས་པེ་ཅིན་དང་ཐན་ཅིན། ཧོ་པེ་བཅས་མཉམ་དུ་གོང་འཕེལ་འགྲོ་རྒྱུ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ནི་པེ་ཅིན་དང་། ཐན་ཅིན། ཧོ་པེ་བཅས་ཀྱིས་བཟང་ཆ་གསབ་རེས་མངོན་འགྱུར་ཡོང་བ་དང་། པོ་ཧེ་རྒྱ་མཚོའི་འགྲམ་རྒྱུད་ཀྱི་དཔལ་འབྱོར་ཁུལ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བྱང་ཕྱོགས་ཀྱི་ས་ཆ་གཙོ་བོའི་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་དགོས་མཁོ་ཞིག་དང་། གལ་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཤིག་ཀྱང་ཡིན་ཞེས་ནན་བཤད་གནང་ཡོད།

ཧོ་པེ་ཡིས་རང་ཉིད་ཀྱི་བཀོད་སྒྲིག་སྔོན་ལ་བཏོན་ཡོད། འོན་ཀྱང་པེ་ཅིན་དང་། ཐན་ཅིན་གྱིས་འབྲེལ་ཡོད་འཆར་གཞི་བཏོན་མེད། དབྱེ་ཞིབ་བྱས་པར། པེ་ཅིན་དང་ཐན་ཅིན། ཧོ་པེ་བཅས་ཀྱི་ས་ཁོངས་མཉམ་དུ་གོང་འཕེལ་འགྲོ་བ་བྱ་རྒྱུ་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན། འོན་ཀྱང་འགྲན་རྩོད་མང་པོ་འཕྲད་ཡོད་པ་དང་། རྒྱལ་ཁབ་བང་རིམ་གྱི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཐན་ཅིན་གྲོང་ཁྱེར་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཀྲེ་ཆང་གིས་ཟུར་གསལ་གནང་བར། མིག་སྔར་རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དང་། ཐན་ཅིན། ཧོ་པེ་བཅས་ས་ཆ་གསུམ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བའི་སྣེ་ཁྲིད་དེ་ཞིབ་ཕྲའི་ཇུས་གཞིར་ཞིབ་འཇུག་དང་། བང་རིམ་མཐོ་བའི་ས་ཁོངས་འཆར་འགོད་ལ་ཞིབ་འཇུག་བྱ་རྒྱུར་མཉམ་ལས་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག