མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འཇར་མན་གྱི་ཙུང་ལི་གཞོན་པ་ཞོར་དུ་དཔལ་འབྱོར་དང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་མཁན་ཅ་པུའུ་ལིས་ཨར་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:54

习近平会见德国副总理兼经济和能源部长加布里尔.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དགུ་ཉིན་ཏུའུ་སེ་ཨར་ཏོ་ཧྥུའུ་ནས་འཇར་མན་གྱི་ཙུང་ལི་གཞོན་པ་ཞོར་དུ་དཔལ་འབྱོར་དང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་མཁན། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཅ་པུའུ་ལིས་ཨར་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དགུ་ཉིན་ཏུའུ་སེ་ཨར་ཏོ་ཧྥུའུ་ནས་འཇར་མན་གྱི་ཙུང་ལི་གཞོན་པ་ཞོར་དུ་དཔལ་འབྱོར་དང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་མཁན། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཅ་པུའུ་ལིས་ཨར་ལ་མཇལ་འཕྲད་གནང་།

    མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་གོ་དང་འཇར་མན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་པར་གདེང་འཇོག་ཆེན་པོ་གནང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་འདྲ་མཉམ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་དུ་འཇར་མན་དམངས་གཙོ་ཏང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱུས་ལོན་བྱས་ཚེ་ད་གཟོད་བཟོད་སྒོམ་བྱེད་པ་དང་རྒྱུས་ལོན་བྱས་ཚེ་ད་གཟོད་མཉམ་ལས་བྱེད་ཆོག ཅ་པུའུ་ལིས་ཨར་གྱིས་མགོ་ཁྲིད་པའི་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་གསུངས།

    ཅ་པུའུ་ལིས་ཨར་གྱིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ཆེན་པོ་ཡིན་པའི་གོ་གནས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་གྲོས་མོལ་དང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་མ་ཟད་ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག