མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མོང་ཅན་ཀྲུས་ཁྲིམས་འཛིན་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། ཁྲིམས་འཛིན་བསྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-30 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མོང་ཅན་ཀྲུས་ཉེ་དུས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས། ད་ལོ་ནི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བའི་ལོ་དང་པོ་དེ་ཡིན་པས། གཙོ་གནད་འབུར་ཐོན་བྱས་ཏེ། ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་ལ་འཕེལ་རིམ་ཐོན་རྒྱུར་འགན་སྲུང་བྱེད་དགོས་པ་དང་། ཁྲིམས་འཛིན་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། གྱོད་གཞི་འདྲི་གཅོད་བྱེད་མཁན་ལ་ཁྲིམས་ཐག་གཅོད་དུ་བཅུག་པ་དང་། ཁྲིམས་གཅོད་བྱེད་མཁན་ལ་འགན་ཁུར་དུ་བཅུག་པའི་བླང་བྱ་གཞིར་བཟུང་། འདྲི་གཅོད་བྱེད་མཁན་གྱི་ཁྲིམས་དཔོན་གཙོ་བོ་དང་། མཉམ་གྲོས་ཁྲིམས་ས་ནས་གྱོད་གཞི་ཞིབ་གཅོད་བྱེད་པའི་འགན་ཁུར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ། ཞིབ་དཔྱོད་དཔོན་གྱི་གཙོ་གཟུགས་གནས་བབ་འབུར་དུ་མངོན་པའི་གྱོད་གཞི་བདག་གཉེར་གྱི་འགན་འཁུར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ། ཁྲིམས་འཛིན་དབང་ཆ་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་ཏུ་གཏོང་དགོས་པ། ཁྲིམས་འཛིན་ཡོངས་བསྒྲགས་གཏིང་ཟབ་ཏུ་གཏོང་དགོས་པ། ཁྲིམས་འཛིན་གཞུང་དྲང་འགན་སྲུང་བཅས་བྱས་ཏེ་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག