མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཀྲུང་གོའི་ཕྱོགས་ནས་ཕེ་རུ་པིང་གིས་རྣམ་པ་གང་རུང་ཐོག་ནས་རེན་ཨའེ་གླིང་ཚོམ་བཟུང་བར་བཟོད་སྒོམ་བྱ་རྒྱུ་མིན་ཞེས་གསུངས་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-30 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་29ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་ཕེ་རུ་པིང་གིས་རེན་ཨའེ་གླིང་ཕྲན་གྱི་གནད་དོན་འུད་སྒྲོག་བྱས་པའི་ཐད་གསར་འགོད་པས་བཏོན་པའི་འདྲི་བར་ལན་བསྐྱོན་སྐབས། ཀྲུང་གོའི་ཕྱོགས་ནས་ཕེ་རུང་པིང་གིས་རེན་ཨའེ་གླིང་ཕྲན་རྣམ་པ་གང་རུང་ཐོག་ནས་བཙན་བཟུང་བྱས་རུང་བཟོད་སྒོམ་བྱེད་མི་སྲིད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ་ཞིག་གིས་ཕེ་རུ་པིང་གིས་སྤྱི་ཟླ་3པའི་ཚེས་29ཉིན་སླར་ཡང་རེན་ཨའེ་གླིང་ཕྲན་ཐོག་དངོས་ཟོག་གསབ་སྐྱེལ་གྲུ་གཟིངས་སྣོན་གཏོང་བྱས་པ་དང་། ད་དུང་མཚམས་སྦྱོར་ལས་རིགས་ཀྱི་གསར་འགོད་པ་ཁག་ཅིག་ཀྱང་མཉམ་དུ་བསྐྱོད་ཡོད་པས། ཀྲུང་གོའི་ཕྱོགས་ནས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་གྱི་ཡོད་དམ་ཞེས་དྲིས་པར།

ཧུང་ལེས། ཕེ་རུ་པིང་གི་བྱ་སྤྱོད་དེ་དག་ནི་ལྷོ་རྒྱ་མཚོའི་གནད་དོན་འུད་སྒྲོག་བྱ་ཆེད་དང་། ཁྲིམས་དང་མི་མཐུན་པའི་སྒོ་ནས་རེན་ཨའེ་གླིང་ཕྲན་བཙན་བཟུང་བྱེད་པའི་ལྐོག་གཡོ་མངོན་འགྱུར་ཐུབ་ཆེད་ཡིན། ཕེ་རུ་པིང་གི་བྱ་སྤྱོད་དེས་ཀྲུང་གོར་རེན་ཨའེ་གླིང་ཕྲན་ཚུད་པའི་ནན་ཧྲ་གླིང་ཚོམ་གྱི་བདག་དབང་ལྡན་པའི་དོན་དངོས་ལ་འགྱུར་བ་གཏོང་ཐབས་མེད་ལ། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་གཏོང་མི་ཐུབ་ཅེས་གསུངས་པ་དང་། ཧུང་ལེས་ཀྲུང་གོའི་ཕྱོགས་ནས་ཕེ་རུ་པིང་གིས་རྣམ་པ་གང་རུང་ཐོག་ནས་རེན་ཨའེ་གླིང་ཕྲན་བཙན་བཟུང་བྱེད་རྒྱུར་བཟོད་སྒོམ་བྱེད་མི་སྲིད་ལ། ཕེ་རུ་པིང་གིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་བར་གྲུབ་པའི་ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་གཏོར་བཤིག་གཏོང་དུ་འཇུག་མི་སྲིད་ཅེས་གསུངས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག