མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འཇར་མན་གྱི་རྒྱ་རིག་པའི་མཁས་པ་དང་ཁུང་ཙི་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་མཛད་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:27

习近平同德国汉学家、孔子学院师生代表座谈.jpg

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པའོ་ལིན་ནས་འཇར་མན་གྱི་རྒྱ་རིག་པའི་མཁས་པ་དང་ཁུང་ཙི་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི། རྒྱ་ཡིག་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བཅས་ལ་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོ་དང་ཀྲུང་གོ་དང་འཇར་མན་གཉིས་ཀྱི་སྐད་ཡིག་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པའི་ཐད་ལ་བཞུགས་མོལ་མཛད་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དགུ་ཉིན་པའོ་ལིན་ནས་འཇར་མན་གྱི་རྒྱ་རིག་པའི་མཁས་པ་དང་ཁུང་ཙི་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི། རྒྱ་ཡིག་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བཅས་ལ་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད།

    བཞུགས་མོལ་ཚོགས་འདུར་ཞུགས་པའི་འཇར་མན་གྱི་ཚོགས་ཞུགས་མི་སྣ་ཁ་ཤས་ནི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་མཁས་པ་ཡིན་ལ། ཁ་ཤས་ནི་རྒྱ་ཡིག་སློབ་ཁྲིད་བྱ་བ་སྒྲུབ་པའི་ཆེད་མཁས་པ་ཡིན། དེ་མིན་ད་རུང་ཀྲུང་གོའི་སྐད་ཡིག་དང་རིག་གནས་ལ་སློབ་སྦྱོང་བྱེད་བཞིན་པས་ན་གཞོན་ཡོད། བཞུགས་མོལ་ཚོགས་འདུའི་སྔོན་ལ། ཞི་ཅིན་ཕེན་གྱིས་ཁོ་ཚོ་དང་ཕྱག་འཇུ་གནང་ཞིང་སྙིང་ཉེ་བའི་ངང་གྲོས་མོལ་མཛད།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བཞུགས་མོལ་ལ་ཞུགས་པའི་མང་ཆེ་བ་ནི་རྒྱ་རིག་པའི་མཁས་པ་ཡིན་ལ། ཁྱེད་ཚོས་ཀྲུང་གོ་དང་འཇར་མན་གཉིས་ཀྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་ལ་འབད་བརྩོན་ལྷོད་མེད་བྱས་པར་མ་ཟད་བྱས་རྗེས་བཞག་པར་གུས་འདུད་ཞུས་པ་ཡིན་ཟེར།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། འཇར་མན་ནས་རིག་གནས་པ་དང་མཚན་ཉིད་རིག་པ། ཚན་རིག་པ། སྒྱུ་རྩལ་པ་མང་པོ་བྱུང་མྱོང་། ང་ཚོས་འཇར་མན་གྱི་རིག་གནས་ལ་ཧ་ཅང་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད། ད་ལྟ། འཇར་མན་ནས་རྒྱ་ཡིག་སློབ་སྦྱོང་བྱེད་བཞིན་པའི་མི་སྣ་ཇེ་མང་དུ་སོང་ཡོད་ལ། ཀྲུང་གོའི་སློབ་གྲྭ་ཆེན་མོ་ཁ་ཤས་སུའང་འཇར་མན་སྐད་ཡིག་གི་སློབ་ཚན་བཙུགས་ཡོད། ང་ཚོས་ཁུང་ཙི་སློབ་གླིང་གི་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས། སྐད་ཡིག་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དགོས་པར་སྐུལ་མ་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ན་གཞོན་གྱིས་འགྲོ་འོང་ལ་ཤུགས་སྣོན་པ་དང་། མཛའ་བཤེས་རྒྱུན་འཛིན་བྱེད་དགོས་པའི་རེ་བ་བཏོན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག