མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-29 11:02

李克强主持召开部分省市经济形势座谈会1.jpg

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་ལེའོ་ཉིན་ནས་མགོ་འཛིན་མཛད་དེ་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གནང་།

李克强主持召开部分省市经济形势座谈会2.jpg

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་ལེའོ་ཉིན་ནས་མགོ་འཛིན་མཛད་དེ་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གནང་།

李克强主持召开部分省市经济形势座谈会3.jpg

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་ལེའོ་ཉིན་ནས་མགོ་འཛིན་མཛད་དེ་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་ལེའོ་ཉིན་ནས་མགོ་འཛིན་མཛད་དེ་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གནང་།

    ལེའོ་ཉིན་དང་ཀྲེ་ཅང་། ཨན་ཧོས། ཀོང་ཏུང་། ཁྲུང་ཆིན་བཅས་སྲིད་གཞུང་གི་འགན་ཁུར་བློ་མཐུན་གྱི་གཏམ་བཤད་ལ་ཉན་རྗེས། ལིས་ཁི་ཆང་གིས་གསུངས་རྒྱུར། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་ཡོང་བར་བྱེད་རྒྱུ་དེ་དེང་སྐབས་ཆེ་ཕྱོགས་ནས་སྙོམས་སྒྲིག་དང་ཚོད་འཛིན་བྱེད་པའི་གཞི་རྩའི་རེ་བ་ཡིན་ལ། དུས་ཡུན་རིང་འབྲིང་གི་སྲིད་ཇུས་འཕེལ་ཕྱོགས་ཡང་ཡིན། ད་ལྟ་ང་ཚོས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་ལ་ཕབ་པའི་ལས་འགན་ལྟར། དམིགས་སའི་རང་བཞིན་གྱི་སྒོ་ནས་ནུས་ལྡན་བྱེད་ཐབས་གཏན་འཁེལ་བྱེད་དགོས་པར་མ་ཟད། ང་ཚོས་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་ཡོང་བར་བྱེད་པའི་ནུས་པ་དང་ཡིད་ཆེས་བརྟན་པོ་བཅངས་དགོས་ཟེར།

    ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། བཅོས་བསྒྱུར་ཟབ་སྤེལ་བྱེད་པར་སྒུལ་ཤུགས་ཡོད་དགོས་ན། འབྲེལ་ཡོད་ལས་ཁུངས་ཀྱིས་གོམ་གང་མདུན་སྤོས་སྒོས་སྲིད་གཞུང་གི་འགན་ནུས་ལེགས་བསྒྱུར་བྱེད་པ་དང་། ས་གནས་སོ་སོའི་སྲིད་གཞུང་གིས་ཞིབ་བཤེར་ཆོག་མཆན་བྱ་བར་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ། དོ་དམ་བྱ་བ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པ་དང་། ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་བསྐྲུན་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། སྒྲིག་གཞི་ལེགས་སྒྲིག་གི་ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་པའི་ཁྲོད་ཀྱི་རྒྱབ་རྟེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དངུལ་གཏོང་ལས་གཞི་གཙོ་བོ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། དུས་ཐོག་ཏུ་སྔོན་རྩིས་མ་དངུལ་གཏོང་བ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ། དབུས་ནུབ་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་དང་རིམ་པ་སྤར་བར་ཡར་སྐུལ་གཏོང་དགོས།

    ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ད་ལོའི་ལས་ཞུགས་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ན། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞིང་སྡེའི་འཐུང་ཆུ་བདེ་འཇགས་དང་། དབུལ་སྐྱོར་གསར་སྤེལ་སོགས་དམངས་འཚོ་ཕྱོགས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་སྣ་ཚོགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག