མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཧན་གོ་དང་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་རུས་ཐལ་ཕྱིར་རྒྱལ་ནང་དུ་སྐྱེལ་བར་བསུ་བ་བྱེད་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གནང་བ།

རྩོམ་པ་པོ། ཏུང་ཞོ་ཡན།    2014-03-29 11:02

张高丽出席在韩中国人民志愿军烈士遗骸回国迎接仪式并讲话.jpg

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཧྲིན་ཡང་ཐའོ་ཞན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་བསྡུས་པའི་ཧན་གོ་དང་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་རུས་ཐལ་ཕྱིར་རྒྱལ་ནང་དུ་སྐྱེལ་བར་བསུ་བ་བྱེད་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་ཧྲིན་ཡང་ཐའོ་ཞན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་བསྡུས་པའི་ཧན་གོ་དང་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་རུས་ཐལ་ཕྱིར་རྒྱལ་ནང་དུ་སྐྱེལ་བར་བསུ་བ་བྱེད་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གནང་།

    ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་རྒན་རབས་པ་དང་ཀྲུང་གོ་མི་དམངས་དང་བླངས་དམག་གིས་བཞག་པའི་ཉམས་མེད་བྱས་རྗེས་དེ་ང་ཚོས་ནམ་ཡང་བརྗེད་མེད་ལ། མེ་འགོག་ཁྲའོ་རོགས་བྱེད་པའི་དམག་འཁྲུག་ཁྲོད་རང་སྲོག་བློས་བཏང་བའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་རྣམས་ལ་ནམ་ཡང་བརྗེད་མི་སྲིད། ཀྲུང་གོ་དང་ཧན་གོ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། དེ་རིང་ཧན་གོར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་བཞི་བརྒྱ་དང་སོ་བདུན་གྱི་རུས་ཐལ་ཕྱིར་མེས་རྒྱལ་དུ་བསྐྱལ་ཡོང་། ང་ཚོས་འདི་རུ་བསུ་བ་བྱེད་པའི་མཛད་སྒོ་རྒྱ་ཆེན་པོ་བསྡུས་ནས། དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་བསྟོད་བསྔགས་ཆེན་པོ་བྱེད་རྒྱུ་མ་ཟད། ང་ཚོས་སེམས་གཏིང་ནས་ཁོ་ཚོར་རྗེས་དྲན་དང་བླ་ན་མེད་པའི་གུས་འདུད་ཞུ་ཟེར།

    ཀྲང་ཀའོ་ལིས་ཀྱིས་ནན་གྱིས་གསུངས་རྒྱུར། རླབས་ཆེ་བའི་མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་ལས་ཀྲུང་ཧྭ་མི་རིགས་ཀྱི་གོམས་སྲོལ་བཟང་བོ་དང་མི་རིགས་ཀྱི་གཤིས་རྒྱུད་བཟང་བོ་གཅིག་བསྡུས་སྒོས་མཚོན་ཡོད་ལ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་ཡང་གཅིག་བསྡུས་སྒོས་མཚོན་ཡོད་པས། དེ་ནི་ཀྲུང་གོ་མི་དམངས་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དཀའ་ཁག་ཁྱད་སེལ། དཔའ་ངར་མདུན་སྐྱོད་བཅས་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ཟེར། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག