མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་དབྱང་དབྱི་ཁྲིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-29 11:01

刘云山出席纪念杨易辰同志诞辰100周年座谈会1.jpg

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་པེ་ཅིན་ནས་བློ་མཐུན་དབྱང་དབྱི་ཁྲིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་དབྱང་དབྱི་ཁྲིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། བཞུགས་མོལ་ཚོགས་འདུའི་སྔོན་ལ་བློ་མཐུན་དབྱང་དབྱི་ཁྲིན་གྱི་གཉེན་ཉེར་མཇལ་འཕྲད་གནང་།

    བློ་མཐུན་དབྱང་དབྱི་ཁྲིན་སྔོན་ཆད་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཨུ་ཡོན་ཡིན་ལ། ཀྲུང་གུང་ཀྲུང་དབྱང་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡང་ཡིན། 1986ལོའི་ཟླ་དྲུག་པར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོར་བདམས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་དབྱང་དབྱི་ཁྲིན་གྱི་ལོ་རྒྱུས་དང་བྱས་རྗེས་རྗེས་དྲན་བྱས་པར་མ་ཟད། ཁོའི་ཏང་ལ་བློ་དཀར་བ་དང་། ཡིད་ཆེས་བརྟན་པོའི་བླ་མེད་གཤིས་རྒྱུད་ལ་སློབ་སྦྱོང་དང་། ཁོས་མང་ཚོགས་སེམས་ལ་བཅངས་པ་དང་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་ཀུན་སྤྱོད་བཟང་བོར་སློབ་སྦྱོང་། ཁོས་བདེན་དོན་རྒྱུན་འཁྱོངས་བྱེད་པ་དང་ལས་འགན་འཁུར་ཕོད་པའི་སྙིང་སྟོབས་ལ་སློབ་སྦྱོང་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཚའོ་ཅན་མེན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག