མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པ་ཨར་ཐོ་ལོ་ནེ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 11:03

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས27ཉིན་པ་ལིས་གྲོང་ཁྱེར་ནས་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པ་ཨར་ཐོ་ལོ་ནེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས27ཉིན་པ་ལིས་གྲོང་ཁྱེར་ནས་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པ་ཨར་ཐོ་ལོ་ནེ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་སྐབས་འདིར་བདག་དང་ཙུང་ཐུང་ཨོ་ལང་ཏི་གཉིས་ཀྱིས་མཉམ་དུ་དམ་ཞིང་ཡུན་རིང་བའི་ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་སྐབས་གསར་བ་གསར་སྐྲུན་བྱེད་རྒྱུ་ཐག་བཅད། ཕྱོགས་གཉིས་ཀྱིས་ཅང་མ་འགོར་བའི་སྔོན་ལ་སྤེལ་བའི་ཀྲུང་གོ་དང་ཧྥ་རན་སིའི་མཉམ་འབྲེལ་གསལ་སྒྲོག་ལ་བརྟེན་ནས་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་བཅས་ལས་དོན་ཆེན་པོ་གསུམ་སྲ་བརྟན་དུ་བཏང་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

པ་ཨར་ཐོ་ལོ་ནེ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྥ་རན་སི་ལ་འཚམས་འདྲི་མཛད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག