མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་ཨན་ཧོས་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:59

ཟླ3པའི་ཚེས25ཉིན་ནས་ཚེས27ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་དང་གཞི་རིམ་ཏང་གི་འཛུགས་སྐྲུན་ཐད་ནས་ཞིང་སྡེ་དང་གཞིས་ཁུལ། ཁེ་ལས། རིག་གནས་ལས་ཁུངས་བཅས་ལ་གཟིགས་ཞིབ་བྱས་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར། རྫོང་། སྡེ་བ། ཁེ་ལས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་ཞུགས་པའི་བཞུགས་མོལ་ཚོགས་འདུ་བསྡུས། པར་འདི་ནི་ལིག་ཡུན་ཧྲན་གྱིས་ཁྲུའུ་ཀྲིག་གྲོང་ཁྱེར་ཧྥུན་ཡང་རྫོང་ཞའོ་ཀང་སྡེ་བའི་ཞིང་བའི་ཁྱིམ་ཚང་དུ་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་བཞུགས་མོལ་བྱེད་བཞིན་པའི་ཚུལ་རེད།
ཟླ3པའི་ཚེས25ཉིན་ནས་ཚེས27ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་དང་གཞི་རིམ་ཏང་གི་འཛུགས་སྐྲུན་ཐད་ནས་ཞིང་སྡེ་དང་གཞིས་ཁུལ། ཁེ་ལས། རིག་གནས་ལས་ཁུངས་བཅས་ལ་གཟིགས་ཞིབ་བྱས་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར། རྫོང་། སྡེ་བ། ཁེ་ལས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་ཞུགས་པའི་བཞུགས་མོལ་ཚོགས་འདུ་བསྡུས། པར་འདི་ནི་ལིག་ཡུན་ཧྲན་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བསྡུས་པའི་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཨན་ཧོས་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཁྱད་པར་དུ་ལན་ཁའོ་ནས་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བ་དང་། ཀུན་སྤྱོད་ལེགས་བསྒྱུར་བྱས་ནས་མི་དམངས་མང་ཚོགས་ཡིད་ཚིམ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཟླ3པའི་ཚེས25ཉིན་ནས་ཚེས27ཉིན་བར། ལིན་ཡུན་ཧྲན་གྱིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་དང་གཞི་རིམ་ཏང་གི་འཛུགས་སྐྲུན་ཐད་ནས་ཞིང་སྡེ་དང་གཞིས་ཁུལ། ཁེ་ལས། རིག་གནས་ལས་ཁུངས་བཅས་ལ་གཟིགས་ཞིབ་བྱས་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར། རྫོང་། སྡེ་བ། ཁེ་ལས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་ཞུགས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ལིག་ཡུན་ཧྲན་གྱིས་ཨན་ཧོས་ཞིང་ཆེན་གྱི་སློབ་གསོ་ལག་ལེན་བྱ་འགུལ་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཨན་ཧོས་ཞིང་ཆེན་གྱིས་ཀུན་སྤྱོད་འཛུགས་སྐྲུན་ཐད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་རྒྱུའི་རེ་བ་བཏོན།

རྟོག་ཞིབ་བྱེད་སྐབས་ལིག་ཡུན་ཧྲན་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བསྡུས་པའི་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གནད་འགག་ནི་མི་བཀོལ་སྤྱོད་བྱེད་རྒྱུ་དེ་ཡིན་པས། གསར་དུ་བཟོ་བཅོས་བྱས་པའི་ལས་བྱེད་པ་གདམ་གསེས་དང་བསྐོ་འཇོག་བྱ་བའི་སྲོལ་ཡིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། བྱེད་ཐབས་དང་སྒྲིག་ལམ་ནན་མོར་བརྟེན་ནས་ལས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས། ལས་བྱེད་པའི་ཚད་གཞི་དང་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བ་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་། ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། ཡང་དག་པའི་མི་བཀོལ་སྤྱོད་བྱེད་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག