མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་སློབ་སྦྱོང་སློབ་གསོ་དང་བསམ་འཆར་ལ་ཉན་པའི་བྱ་བ་བཟང་བོར་སྒྲུབ་པའི་བརྡ་ཐོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་སློབ་སྦྱོང་སློབ་གསོ་དང་བསམ་འཆར་ལ་ཉན་པའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ་དཔེ་བསྐྲུན་འགྲེམ་སྤེལ་བྱས་ཏེ། དངོས་གཉེར་ཕན་ཡོད་ཀྱི་བྱེད་ཐབས་བཟང་བོ་སྤྱད་ནས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་། ཐད་ཀར་དུ་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པར་ཤུགས་སྣོན་པ། སློབ་སྦྱོང་སློབ་གསོ་དང་བསམ་འཆར་ལ་ཉན་པ་དེ་འབུར་ཐོན་གནད་དོན་ཐག་གཅོད་པར་ཟུང་འབྲེལ་བྱས་ཏེ། ཆེས་ལེགས་པའི་བྱ་བའི་སྤྱོད་སྟངས་ཀྱིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན། བརྡ་ཐོ་ལས། ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ངེས་པར་དུ་ཀློག་དགོས་པའི་ཡིག་ཆ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཧི་ནན་ཞིང་ཆེན་ལན་ཁོ་རྫོང་དུ་རྟོག་ཞིབ་མཛུབ་སྟོན་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གཙོ་བོར་བཟུང་ནས་སློབ་སྦྱོང་བཟང་བོ་བྱེད་དགོས། གྲོང་ཁྱེར་དང་རྫོང་རིམ་པའི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ཚན་ཁག མགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ཆེད་དུ་དུས་ཚོད་བཀོལ་ནས་གཅིག་བསྡུས་སློབ་སྦྱོང་བྱེད་པ་དང་རིགས་བགར་ནས་སློབ་སྦྱོང་གྲོས་བསྡུར་བྱེད་དགོས། གྲོང་ཁྱེར་དང་རྫོང་ཐད་གཏོགས་ལས་ཁུངས་དང་ཞང་གྲོང་། སྲང་ལམ་བཅས་ཀྱིས་ངེས་པར་དུ་ཀློག་དགོས་པའི་ཡིག་ཆ་བརྒྱུད་ནས་གྲོས་བསྡུར་བརྗེ་རེས་བྱེད་དགོས། སྡེ་བ་དང་སྡོད་ཁུལ་སོགས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཉུང་མཐར་ཡང་གཅིག་བསྡུས་གྲོས་བསྡུར་སློབ་སྦྱོང་ཐེངས་གཅིག་ལ་སྤེལ་བ་དང་ཆེད་སྒྲིག་སློབ་གསོའི་བརྙན་རིས་ལ་ཐེངས་གཅིག་བལྟ་བ། ཏང་གི་སློབ་ཁྲིད་ལ་ཐེངས་གཅིག་ཞུགས་པ་བཅས་བྱེད་དགོས་ཞེས་བསྟན།

བརྡ་ལོ་ལས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་པའི་ཆབ་སྲིད་འོས་འགན་དངོས་སུ་ཕྲག་ཏུ་ལེན་དགོས་པ་དང་། རིམ་པ་སོ་སོའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་ལྟ་སྐུལ་མཛུབ་སྟོན་བྱ་བ་གཟབ་ནན་གྱིས་སྤེལ་དགོས་པའི་རེ་བ་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག