མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ3པ་ཤར་ཚུན་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་གནས་བབ་བརྟན་པོའི་ཁྲོད་ཡག་ཏུ་ཕྱིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-27 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་སྤྱི་ཚེས26ཉིན་རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འཆར་ཅན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འཁོར་རྒྱུག་གྲངས་གཞིར་གཞིགས་ན། སྤྱི་ཟླ་༣པ་ཤར་ཚུན། རང་རྒྱལ་གྱི་ཉིན་རེའི་གློག་འདོན་ཚད་དང་། ལྕགས་ལམ་ཐོག་ཉིན་རེའི་དངོས་ཟོག་དབོར་འདྲེན་བྱེད་ཚད་བཅས་ཚང་མ་ཅུང་འཕར་ཡོད་པ་དང་། དེས་དཔལ་འབྱོར་འཁོར་རྒྱུག་གནས་བབ་བརྟན་པོའི་ཁྲོད་ཡག་ཏུ་ཕྱིན་པ་མངོན་ཡོད་པ་རེད།

རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ3པ་ཤར་ཚུན་རྡོ་སོལ་དང་གློག སྣུམ། སྐྱེལ་འདྲེན་བཅས་ཀྱི་སྤྱིའི་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་བཏང་ཡོད་པ་རེད། སྤྱི་ཟླ3པའི་ཚེས1ཉིན་ནས་ཚེས24ཉིན་བར། རྒྱལ་ཡོངས་སུ་ཉིན་རེའི་ཆ་སྙོམས་གློག་གཏོང་ཚད་ཏུའུ་དུང་ཕྱུར148དང་བྱེ་བ9དང་ས་ཡ7ཟིན་ཡོད་པས། ལོ་གོང་མའི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ8དང་གྲངས་ཆུང48འཕར་ཡོད་པ་རེད། སྤྱི་ཟླ་༣པའི་ཟླ་དཀྱིལ་དུ་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་ཉིན་རེའི་ཆ་སྙོམས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མེ་འཁོར་གྱི་འཁོར་སྒྲོམ་ཆིག་འབུམ་ལྔ་ཁྲི་དགུ་སྟོང་བརྒྱད་བརྒྱ་ཟིན་གྱི་ཡོད་པས། སྤྱི་ཟླ3པའི་ཟླ་སྟོད་དང་བསྡུར་ན་བརྒྱ་ཆ0དང་གྲངས་ཆུང81འཕར་ཡོད་པ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་ཉིན་རེའི་ཆ་སྙོམས་རྡོ་སོལ་སྐྱེལ་འདྲེན་བྱེད་ཚད་སྤྱི་ཟླ3པའི་ཟླ་དཀྱིལ་གྱི་གོང་དང་བསྡུར་བ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་ཅུང་འཕར་ཡོད་པ་རེད། དེ་མིན། སྤྱི་ཟླ་༣པ་ནས་བཟུང་། མ་བཅོས་རྡོ་སྣུམ་ལས་སྣོན་བྱེད་ཚད་ཟླ་བ་གོང་མ་དང་བསྡུར་བ་དང་། དུས་མཚུངས་དང་བསྡུར་ན་ཅུང་འཕར་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག