མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་ལས་ཁང་གིས་མཚོ་འགག་གཡས་གཡོན་གཉིས་པོའི་དཔལ་འབྱོར་མཉམ་ལས་འཕེལ་རིམ་ལ་གནོད་འཚེ་མི་བཟོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-27 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་བྱ་དོན་གཞུང་ལས་ཁང་གིས་སྤྱི་ཚེས26ཉིན་འཆར་ཅན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས། ཉེ་ཆར་ཐའེ་ཝན་དུ་ཐོན་པའི་མཚོ་འགག་གཡས་གཡོན་གཉིས་པོའི་ཞབས་ཞུའི་ཉོ་ཚོང་གྲོས་ཆོད་ཐད་ཀྱི་རྩོད་གཞི་དེ་གསར་འགོད་པས་དྲི་བ་འདོན་ས་གཙོ་བོ་ཞིག་ལ་གྱུར་ཡོད་པ་རེད། དེའི་ཐད། མགྲིན་ཚབ་པ་མ་ཞའོ་ཀྭང་གིས། ང་ཚོས་ཐོག་མཐའ་བར་གསུམ་དུ་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད། ཞབས་ཞུའི་ཉོ་ཚོང་གྲོས་ཆོད་ནི་གཉིས་ཕན་གཉིས་རྒྱལ་གྱི་གྲོས་ཆོད་ཡག་པོ་ཞིག་ཡིན་པ་དང་། མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླས་མཚོ་འགག་གཡས་གཡོན་གཉིས་པོའི་དཔལ་འབྱོར་མཉམ་ལས་དང་། མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བའི་ཞི་བའི་གོང་འཕེལ་གྱི་འཕེལ་རིམ་ལ་འགོག་རྐྱེན་བཟོ་བ་མཐོང་འདོད་བྱེད་ཀྱི་མེད་ཅེས་བསྟན་ཡོད་པ་དང་།

མ་ཞའོ་ཀྭང་གིས་མཚོ་འགག་གཡས་གཡོན་གཉིས་པོའི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེས་མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླ་དང་ལྷག་པར་དུ་ཐའེ་ཝན་གྱི་སྤུན་ཟླའི་ཕན་བདེ་མང་དུ་གཏོང་རྒྱུར་ཕན་ཐོགས་ཡོད། གནས་ལུགས་དེ་ནི་ཚང་མས་ཤེས་པ་ཞིག་ཡིན་པ་དང་། ང་ཚོས་མཚོ་འགག་གཡས་གཡོན་གཉིས་པོའི་དཔལ་འབྱོར་མཉམ་ལས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་པ་མཐོང་འདོད་བྱེད་ཀྱི་མེད། མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བའི་མཐུན་ཚོགས་དང་མཚོ་འགག་གཡས་གཡོན་གཉིས་པོའི་ཐེབས་རྩ་ལྷན་ཚོགས་བར་གྱི་གྲོས་མོལ་དང་། སྤེལ་རེས་ཁག་རྒྱུན་ལྡན་ངང་སྤེལ་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག