མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁོར་ཡུག་སྲུང་སྐྱོང་པུའུ་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གཙོ་གནད་ས་ཁོངས74ཡི་སྤྱི་ལོ2013ལོའི་མཁའ་རླུང་སྤུས་ཚད་གནས་ཚུལ་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས25ཉིན་ཁོར་ཡུག་སྲུང་སྐྱོང་པུའུ་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གཙོ་གནད་ས་ཁོངས74ཡི་སྤྱི་ལོ2013ལོའི་མཁའ་རླུང་སྤུས་ཚད་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད་པ་རེད།

ལྟ་ཞིབ་གྲངས་གཞིའི་ཐོག་ནས་མངོན་པར། པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ཀྱི་ས་ཁོངས་ཀྱི་ལོ་ཧྲིལ་པོའི་གནམ་གཤིས་སྤུས་ཚད་ཚད་དང་མཐུན་པའི་ཉིན་གྲངས་ཀྱི་བསྡུར་ཚད་བཅུ་ཆ་བཞི་ཟིན་གྱི་མེད་པ་རེད།

ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གཞོན་པ་ཝུའུ་ཞའོ་ཆིང་གིས་ངོ་སྤྲོད་གནང་བར་གཞིགས་ན། པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར13ནང་ནས་གྲོང་ཁྱེར11སྦགས་བཙོག་ཚབས་ཆེ་ཤོས་ཀྱི་འབངས་གྲལ20ནང་ཚུད་ཡོད་པ་རེད། དེ་དག་ནང་ནས་གྲོང་ཁྱེར7སྦགས་བཙོག་ཆེ་ཤོས་བཅུའི་གྲས་སུ་ཚུད་ཡོད་པ། གྲོང་ཁྱེར་ཁག་ཅིག་གི་མཁའ་རླུང་སྤུས་ཚད་ཚབས་ཆེ་བ་དང་སྦགས་བཙོག་ཆེ་བའི་ཉིན་གྲངས་དེ་ལོ་ཧྲིལ་པོའི་ཉིན་གྲངས་ཀྱི་བརྒྱ་ཆ40ཟིན་ཡོད་པ་རེད། གྲོང་ཁྱེར74ཡི་ན་ནིང་གི་མཁའ་རླུང་སྤུས་ཚད་གནས་ཚུལ་གྱི་ཐོག་ནས་སླར་ཡང་མིག་སྔར་རང་རྒྱལ་གྱི་མཁའ་རླུང་སྦགས་བཙོག་གནས་བབ་ཧ་ཅང་ཛ་དྲག་པོ་ཡོད་པ་ར་སྤྲོད་བྱས་ཡོད། ད་ལོ་ཁོར་ཡུག་སྲུང་སྐྱོང་པུའུ་ཡི་ལས་ཀའི་གཙོ་གནད་ཀྱི་གྲས་ཤིག་ནི་མཁའ་རླུང་སྤུས་ཚད་ཀྱི་སྔོན་བརྡ་ཡག་པོ་གཏོང་རྒྱུ་དང་སྦགས་བཙོག་ཆེ་བའི་གནམ་གཤིས་ཀྱི་སྔོན་བརྡའི་མ་ལག་འཛུགས་རྒྱུ། རླུང་ཁམས་ཆེན་མོའི་སྦགས་བཙོག་གི་འབྱུང་རྐྱེན་ལ་དབྱེ་ཞིབ་དང་ཞིབ་འཇུག་ལས་ཀ་བྱ་རྒྱུ་བཅས་ཡིན། ལས་ཀ་དེ་དག་གིས་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུར་ཕན་ནུས་ཐོན་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག