མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིག་གནས་བྱ་གཞག་གོང་འཕེལ་ཐད་ནུས་ཡོད་ཀྱི་འདེགས་སྐྱོར་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་དང་འབྲེལ་ཡོད་སྡེ་ཁག་གིས་བསྟུད་མར་རིག་གནས་དཔལ་འབྱོར་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ལམ་ལུགས་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རིག་གནས་བྱ་གཞག་དང་ཐོན་ལས་གོང་འཕེལ་ཐད་ནུས་ཡོད་ཀྱི་འདེགས་སྐྱོར་དང་ཁོར་ཡུག་ཡག་པོ་བསྐྲུན་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་། རིག་གནས་པུའུ་ཡིས་སྔར་ཡོད་ཀྱི་སྲིད་འཛིན་ཞིབ་མཆན་རྣམ་གྲངས་བཅུ་གསུམ་ནང་ནས་རྣམ་གྲངས་དགུ་མེད་པ་བཟོས་པའམ་གཤམ་སྤྲོད་བྱས་ཡོད་པ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སྡེ་ཁག་གསར་པའི་གཏན་འབེབས་གསུམ་གྱི་ནང་། སྲིད་འཛིན་དོ་དམ་གྱི་འགན་འཁྲིའི་རྣམ་གྲངས་ཉི་ཤུ་རྩ་དགུ་མེད་པ་བཟོས་པའམ་གཤམ་སྤྲོད་བྱས་ཡོད་པ་རེད།

ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བསྟུད་མར་རིག་གནས་དཔལ་འབྱོར་སྲིད་ཇུས་ཐད་ཀྱི་ཡིག་ཆ་གཉིས་བཀྲམས་པ་སྟེ། རིག་གནས་གསར་གཏོད་བསམ་ཇུས་དང་ཇུས་འགོད་ཞབས་ཞུ་དང་འབྲེལ་ཡོད་ཐོན་ལས་མཉམ་བསྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཅེས་པ་དང་། ཕྱིར་ཕྱོགས་རིག་གནས་ཉོ་ཚོང་གོང་འཕེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་གཉིས་ཡིན་པ་དང་། ཡིག་ཆ་དེ་གཉིས་སྤེལ་བ་དེས་འབྲེལ་ཡོད་ལས་རིགས་ལ་ཁེ་ཕན་ཐོབ་པ་དང་སེམས་ཤུགས་འཕེལ་བ་དང་། དབང་ཆའི་གསལ་བྱང་ཐོག་གི་རྣམ་གྲངས་ཉུང་དུ་ཕྱིན་པ་དང་། རིག་གནས་སྲིད་འཛིན་སྡེ་ཁག་དག་རིག་གནས་གཉེར་བ་ནས་རིག་གནས་དོ་དམ་བྱེད་པར་འགྱུར་བཞིན་པ་དང་། རིག་གནས་དཔལ་འབྱོར་སྲིད་ཇུས་མང་དུ་ཕྱིན་པ། རིག་གནས་ལམ་ལུགས་བསྒྱུར་བཅོས་ཀྱིས་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་མཚོན་པའི་ངོས་འཛིན་བྱས་འདུག

རྒྱལ་ཁབ་རིག་གནས་གོང་འཕེལ་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ལིའི་ཅ་ཧྲན་གྱིས། སྲིད་ཇུས་དེ་དག་ནི་དུས་ཐོག་ལ་འཁེལ་བ་དང་འབྲས་བུ་དངོས་ཐོན་པ་ཞིག་ཡིན་པའི་ངོས་འཛིན་གནང་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག