མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་གཙོ་མནའ་འབྲེལ་གྱི་སྲིད་གྲོས་སྲིད་ཞུགས་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:47

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2014ལོར་དམངས་གཙོ་མནའ་འབྲེལ་གྱི་སྲིད་གྲོས་སྲིད་ཞུགས་ལས་དོན་གྲོས་ཚོགས་སྤྱི་ཟླ3ཚེས25ཉིན་ནས26ཉིན་བར་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་གྲེན་ཞའོ་ཀོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཀྲང་བིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ། གྲོས་འགོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཧུའེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལུང་ཀྲོང་ཝེ་བཅས་གྲོས་ཚོགས་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།

ཀྲུའུ་ཞི་ཀྲང་པའོ་ཝུན་གྱིས་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གུང་སྐབས་༡༨པའི་ཀྲུང་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ནན་ཏན་ངང་ལག་བསྟར་བྱེད་པའི་སྐབས་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་མཇུག་སྒྲིལ་མ་ཐག་པའི་སྐབས་འདིར་ལོ་གཅིག་ལ་ཐེངས་གཅིག་གི་སྲིད་གྲོས་སྲིད་ཞུགས་ཀྱི་ལས་དོན་གྲོས་ཚོགས་འཚོགས་པ་འདིར་དོན་སྙིང་གལ་ཆེན་ལྡན་ཡོད། དམངས་གཙོ་མནའ་འབྲེལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཞིག་ཡིན་པས་སྲིད་གྲོས་སྲིད་ཞུགས་བྱེད་རྒྱུ་ནི་ང་ཚོའི་ལས་དོན་ཁག་གི་ལས་འགན་ཨང་དང་པོ་དེ་ཡིན་ཞེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག