མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གནམ་གཤིས་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས་གནམ་གྲུ་འཚོལ་བཤེར་བྱེད་མཚམས་འཇོག་དགོས་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡའི་མཚོ་དོན་བདེ་འཇགས་ཅུས་ཀྱིས་སྤྱི་ཚེས25ཉིན་གྱི་སྔ་དྲོ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འཚོལ་སྐྱོབ་བྱ་ཡུལ་དུ་གནམ་གཤིས་སྡུག་ཏུ་ཕྱིན་པས། ཉིན་དེའི་འཚོལ་བཤེར་བྱེད་སྒོ་ནར་འགྱངས་བྱེད་དགོས་བྱུང་བ་དང་། གནས་དེའི་འཚོལ་བཤེར་ལས་ཀ་མཚམས་ཆད་ཡོད་ཅེས་བཤད་འདུག

ཨོ་སི་ཁྲུ་ལི་ཡའི་མཚོ་དོན་བདེ་འཇགས་ཅུས་དང་ཨོ་སི་ཁྲུ་ལི་ཡའི་གནམ་གཤིས་ཅུས་ཀྱིས་གྲོས་མོལ་བྱས་རྗེས། གནམ་གཤིས་དེ་སྤྱི་ཚེས25ཉིན་གྱི་དགོང་མོའམ་མ་འོངས་པའི་ཉིན་ཤས་ནང་ཡག་ཏུ་འགྲོ་རྒྱུ་རེད། གལ་སྲིད་གནམ་གཤིས་ཡག་ཏུ་ཕྱིན་ན་འཚོལ་བཤེར་ལས་ཀ་སྤྱི་ཚེས26ཉིན་སླར་གསོ་བྱ་རྒྱུ་རེད་ཅེས་བཤད་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག