མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་རིག་གནས་སྒྲིག་གཞི་བསྒྱུར་བཅོས་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ3པའི་ཚེས24ཉིན་ནས25ཉིན་བར་རྒྱལ་ཡོངས་རིག་གནས་སྒྲིག་གཞི་བསྒྱུར་བཅོས་ལས་དོན་གྲོས་ཚོགས་དེ་པེ་ཅིན་དུ་སྐོང་འཚོགས་བྱས་པ་རེད།

གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་ཐོག ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་སྤྱིའི་བཀོད་སྒྲིག་ལ་གཞིགས་ཏེ། དོན་འཁྱོལ་དམ་འཛིན་བྱེད་རྒྱུ་དེ་རིག་གནས་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་དོན་གཙོ་གནད་དུ་བཞག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ཆེའི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་རྒྱུར་དམ་པོར་དམིགས་ཐོག རིག་གནས་སྒྲིག་གཞི་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་། ཀྲུང་དབྱང་རིག་གནས་སྒྲིག་གཞི་བསྒྱུར་བཅོས་དང་གོང་འཕེལ་ལས་དོན་ཚོང་ཆུང་གི་འགོ་འཛིན་ལིའུ་ཆི་པའོ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་གི་ཙུང་ལི་གཞོན་པ། ཀྲུང་དབྱང་རིག་གནས་སྒྲིག་གཞི་བསྒྱུར་བཅོས་དང་གོང་འཕེལ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ་ལིའུ་ཡན་ཏུང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ལིའུ་ཆི་པའོ་ཡིས་ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་སྟེ་དམིགས་འབེན་ཁ་ཕྱོགས་གཏན་འབེབས་ཁ་གསལ་དང་འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་བརྒྱབ་ཐོག རིག་གནས་དོ་དམ་སྒྲིག་གཞི་དང་ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་ཇེ་མགྱོགས་འཐུས་ཚང་དུ་གཏོང་རྒྱུ་དང་། རྨང་གཞིའི་སྤྱི་པའི་རིག་གནས་ཞབས་ཞུའི་དམིགས་ཚད་ཅན་དང་དོ་སྙོམས་ཅན་ལ་སྐུལ་སྤེལ་གྱིས་རིག་གནས་གཞི་ཁྱོན་ཅན་དང་། གཅིག་བསྡུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མི་རིགས་དམངས་ཁྲོད་རིག་གནས་ལ་མཐོང་ཆེན་དང་གོང་འཕེལ་བཏང་སྟེ། རིག་གནས་སྒོ་འབྱེད་ཆུ་ཚད་མཐོ་རུ་བཏང་ཐོག འབད་བརྩོན་ཆེན་པོས་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་བསྒྱུར་བཅོས་ལས་འགན་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་གསུང་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག