མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུས་དབུལ་ཕོངས་གྲོང་གསེབ་སློབ་མ་གཙོ་གནད་མཐོ་རིམ་སློབ་གྲྭར་ཞུགས་ཚད་མང་དུ་གཏོང་དགོས་ཞེས་བཏོན་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:07

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་ཉིན་ཤས་གོང་བརྡ་ཐོ་བཏང་ནས་བྱ་ཐབས་སྣ་ཚོགས་སྤྱད་ནས་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་སློབ་མ་གཙོ་གནད་སློབ་གྲྭ་ཆེན་མོར་སྐྱོད་པའི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཞིབ་ཕྲའི་བྱ་ཐབས་ཐད། གྲོང་གསེབ་དབུལ་ཕོངས་ས་ཁུལ་ནས་གནས་གཏན་འཁེལ་གྱི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་མུ་མཐུད་རྒྱ་བསྐྱེད་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་སློབ་མ་ལོགས་སུ་བསྡུ་བ་དང་། ས་གནས་ཀྱི་གཙོ་གནད་མཐོ་རིམ་སློབ་གྲས་གྲོང་གསེབ་ཀྱི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་སོགས་བྱ་ཐབས་གསུམ་སྤྱོད་རྒྱུ་དང་། སྔོན་དཔག་བྱས་ན་ད་ལོ་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་སློབ་མ་གཙོ་གནད་མཐོ་རིམ་སློབ་གྲས་བསྡུ་ཚད་ན་ནིང་ལས་བརྒྱ་ཆ་བཅུ་ཡན་འཕར་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག